74681
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིགས་སྤྱིའི་མཚན་ཉིད་ནི། རང་གི་གསལ་བ་རྣམས་ལ་ལྟོས་ནས་རིགས་མི་མཐུན་ལས་ལྡོག་པའི་ལྡོག་པ་ཆིག་རྐྱང་དུ་སྣང་བའི་སྒྲོ་བཏགས། དཔེར་ན་བུམ་འཛིན་རྟོག་པ་ལ་བུམ་གསལ་རྣམས་བུམ་མིན་ལས་ལོག་པར་སྣང་བའི་སྒྲོ་བཏགས་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། མཚན་ཉིད་ནི། རིགས་མི་མཐུན་ལས་ལོག་ཅིང་། རང་གི་གསལ་བ་ཐམས་ཅད་ལ་ཐུན་མོང་དུ་རྗེས་སུ་འགྲོ་བ། དབྱེ་བ་ལ། གོང་མའི་སྤྱི་དང་། ཐད་ཀའི་སྤྱིའོ། །མཚན་གཞི་ནི། གོང་མའི་སྤྱི་ནི། སྐད་ཅིག་སྔ་མ་དང་། བར་པ་དང་། ཕྱི་མ་རྣམས་ལ་རྗེས་སུ་འགྲོ་བ་དུས་ཀྱིས་ཕྱེ་བའི་སྤྱི་ཡིན་ནོ། །ཤིང་ནི་ཕྱོགས་ཐ་དད་ན་གནས་པའི་ཤ་པ་དང་། ཙན་དན་ལ་སོགས་པ་རྣམས་ཀྱི་ཐད་ཀའི་སྤྱི་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། མཚན་ཉིད་ནི། རིགས་མི་མཐུན་རྣམ་པར་དཔྱད་ཙམ་གྱི་ལྡོག་པ་ཆིག་རྐྱང་། སྤྱི་ལ་དབྱེ་ན། རིགས་སྤྱི་དང་། ཚོགས་སྤྱི་གཉིས། ཕྱི་མ་སྐབས་འདིར་མཚན་ཉིད་པ་མ་ཡིན་ནོ། །ཡང་མིང་སྤྱི་དང་། དོན་སྤྱི་གཉིས། གཉིས་ཀ་སྐབས་འདིར་མཚན་ཉིད་པ་ཡིན་མོད། དོན་སྤྱིར་མ་འདུས་པ་ནི་མེད་དེ། མཚོན་བྱའི་ཁྱད་པར་དེ་དང་དེའི་མཚན་མ་རྟོག་པ་ལ་ཤར་བ་ལ་མིང་སྤྱི་ཞེས་བཏགས་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། ། |
| Domain | ཚད་མ། |