74910
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚིག་སྦྱོར་གང་དུ་མདོར་བསྟན་གྱི་གོ་རིམ་ཇི་ལྟར་བཀོད་པ་བཞིན་རྒྱས་བཤད་ཀྱི་སྐབས་སུ་རིམ་པ་མི་མཐུན་པར་བཀོད་པ་ཞིག་ཡིན་ཀྱང་དགོས་པའི་དབང་གིས་གསལ་བཤད་བྱེད་ཚུལ་མི་འདྲ་བ་བྱེད་དགོས་ཚེ་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་རིམ་པ་མི་མཚུངས་ཀྱང་སྐྱོན་མེད་པ་ཡང་ཡོད། |
| Example | རྒྱལ་དབང་ལྔ་པས། པད་དཀར་མེ་ཏོག་བ་ཀུ་ལ། །ཀུ་མུ་ད་ཡི་ཆུ་སྐྱེས་གསུམ། །དང་མཐའ་ཉི་ཟླས་ཁ་འབྱེད་ཀྱང་། ། བར་བ་ཁ་ཡི་ཆང་གིས་སོ། །ཞེས་པ་ལྟ་བུ་དགོས་པའི་ཆེད་དུ་དཀྲུགས་ནས་བརྗོད་པ་ལྟ་བུ་སྐྱོན་དུ་མི་འགྱུར། |
| Domain | རྩོམ་རིག |