74931

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རིམ་པ་ལྷག་པར་རྩིག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་ཀོའུ་ཤམ་བྷིར་དྲུག་སྡེས་ཉི་མ་གཅིག་ལ་གཙུག་ལག་ཁང་སུམ་བརྩེགས་བརྩིགས་ཟིན་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཙུག་ལག་ཁང་འཇིག་པར་འགྱུར་ཞིང་དོན་དང་བྱ་བ་མང་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གཙུག་ལག་ཁང་རྩིག་པ་ན་ཉིན་ཞག་གཅིག་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་རྩིག་པའི་གནས་དང་། གང་གི་ཚེ་རྩིག་པའི་དུས་དང་། གང་གིས་རྩིག་པའི་དངོས་པོ་དང་། གང་གིས་རྩིག་པའི་རྟེན་ནོ། །དང་པོ་ལ་བཞི་ལས། གཙུག་ལག་ཁང་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་དང་། སྤྱོད་ལམ་བཞི་ཡན་ཆད་ཤོང་པ་སྟེ། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ། །སྤྱོད་ལམ་བཞི་ཤོང་བའོ་ཞེས་སོ། །ཕལ་ཆེར་གཡོགས་བསྐོར་ཡན་ཆད་དུ་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་སྟེ། ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་ཞེས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ། ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་ཅེས་བཤད་པས་སོ། །གཉིས་པ་གང་གི་ཚེ་རྩིག་པའི་དུས་ནི་སྤྱིར་བཏང་ལ་ཉིན་ཞག་གཅིག་ཡིན་པ་སྟེ། ཉི་མ་དེ་ལའོ་ཞེས་སོ། །དམིགས་བསལ་བཞི་ཡོད་དེ་གཞུང་དུ་འཆད་པར་འགྱུར་རོ། །གསུམ་པ་གང་གིས་རྩིག་པའི་དངོས་པོ་ནི། འཇིག་པའི་ཉེན་ཅན་ཡིན་པ་སྟེ། སོ་བསྲེགས་པ་མ་ཡིན་པའི་ཕ་གུ་ལྟ་བུའོ། །དེ་ཡང་གལ་ཏེ་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་ནའོ་ཞེས་གསུངས་པས་སོ། །བཞི་པ་གང་གིས་རྩིག་པའི་རྟེན་ནི། ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པར་དང་སྦྱིན་བདག་གི་ཚིག་གིས་དབང་མེད་པ་མ་ཡིན་པ་སྟེ། ཆར་ཆུ་བསྐྱབ་པའི་གཡོགས་པ་ཡང་ངོ་། །ཡོན་བདག་གིས་བྱས་ཟིན་ནས་བལྟའོ་ཞེས་མ་སྨྲས་པ་ལའོ་ཞེས་གསུངས་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་བདག་པོ་རིངས་ན་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གིས་སམ་བསྐོས་པའི་སྤྱིར་བཏང་ལ་ཉིན་ཞག་གཅིག་ལ་གཙུག་ལག་ཁང་གི་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པའི་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པར་ཞུགས་པའོ། །མཐར་ཐུག་ནི་རིམ་པ་གསུམ་ལས་ལྷག་པ་སྟེ་རིམ་པ་བཞི་པར་བརྩིགས་པའོ། །ཞེས་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཕ་གུའི་རིམ་པ་གསུམ་ལས་ལྷག་པར་རྩིག་པར་བྱས་པ་ལའོ། །གཞན་གྱིས་ཀྱང་ངོ་། །ཉི་མ་དེ་ལའོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་ཆར་ཆུས་འཇིགས་པ་ཡོད་པའི་ཚེ། ཆར་ཆུ་སྐྱོབས་པའི་གཡོགས་མ་བྱས་པར་ཉི་མ་གཅིག་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།