74986

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རིའི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསམ་གཏན་གྱི་སྟོབས་ཀྱིས་སེམས་གཞན་ལ་གཡེང་བར་མི་འགྱུར་བའི་སེམས་བསྐྱེད་ཅིག་ལ་རིའི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། བསམ་གཏན་དང་ལྡན་པ་ནི་རིའི་རྒྱལ་པོ་ལྟ་བུ་ཡིན་ཏེ། ཏིང་ངེ་འཛིན་བརྟན་པས་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་ས་ལྔ་པ་ནས་ཐོབ་པར་འདོད་དོ། །
Domain ཆོས་ལུགས།
རིའི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ (2)
Part of speech མིང་ཚིག
Definition བསམ་གཏན་གྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། རིའི་རྒྱལ་པོ་ལྟ་བུ་ཡིན་ཏེ། མཚན་མར་དམིགས་པའི་རྣམ་གཡེང་གིས་མི་བསྐྱོད་པའི་ཕྱིར་རོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །བསམ་གཏན་དང་ལྡན་པ་ནི། རིའི་རྒྱལ་པོ་ལྟ་བུ་སྟེ། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། །