75028

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:40, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རུ་ (1)
Part of speech ཕྲད་ཚིག
Definition ལས་སུ་བྱ་བ་ལ་འཇུག་པ། ལ་དོན་གྱི་རུ་ཡིག་སྦྱར་བའི་གཞི་དེ་ལ། བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང་། བྱེད་འགྱུར་གང་རུང་སྟོན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན།
Keyword True
Example ཁང་པ་རུ་རྩི་བྱུགས། ལྷ་ས་རུ་འགྲོ།
རུ་ (2)
Part of speech ཕྲད་ཚིག
Definition དགོས་ཆེད་ལ་འཇུག་པ། ར་ཡིག་སྦྱར་བའི་ཚེ་ན། བྱེད་པ་པོ་ཅི་རིགས་ཤིག་གིས་རང་གི་དགོས་པའམ་བྱ་བའི་ཡུལ་གྱི་དགོས་པ་ཞིག་བསྒྲུབ་པའི་ཆེད་དུ་བྱ་བ་ཞིག་བྱེད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན།
Keyword True
Example ནད་པར་སྨན་སྟེར། སྤྲང་པོར་ཟས་སྦྱིན་ལྟ་བུ།
རུ་ (3)
Part of speech ཕྲད་ཚིག
Definition རྟེན་གནས་ལ་འཇུག་པ། རུ་ཡིག་སྦྱར་ཚེ་དངོས་པོ་གང་ཞིག་གང་དུ་ཡོད་པར་སྟོན་པར་བྱེད་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན།
Keyword True
Example རྒྱ་མཚོ་རུ་ཉ་རིགས་མང་། ནམ་མཁའ་རུ་སྤྲིན་པ་འཁོར་ལྟ་བུ།
རུ་ (4)
Part of speech ཕྲད་ཚིག
Definition དེ་ཉིད་ལ་འཇུག་པ། ལ་དོན་གྱི་རུ་ཡིག་སྦྱར་ས་དེའི་ངོ་བོར་གྲུབ་པའམ་དེ་ཉིད་དུ་ངེས་པར་སྟོན་པ་དོན་གྱི་ཆ་ནས་ཡུལ་དང་བྱ་བ་སོ་སོར་ཕྱེད་དུ་མེད་པ་ཞིག་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན།
Keyword True
Example རྟག་མཐའ་རུ་ལྷུང། ཆད་མཐའ་རུ་ལྷུང་ལྟ་བུ།
རུ་ (5)
Part of speech ཕྲད་ཚིག
Definition ཚེ་སྐབས་ལ་འཇུག་པ། དུས་དང་སྐབས་སྟོན་པའི་མིང་མཐར་ལ་དོན་གྱི་རུ་སྒྲའི་ཕྲད་སྦྱར་ནས། བྱ་བ་གང་ཞིག་གམ་འགྱུར་ལྡོག་གང་ཞིག་དུས་སྐབས་ག་འདྲ་ཞིག་ལ་བྱེད་པའམ་འབྱུང་བ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་འ་དང་མཐའ་མེད་ཀྱི་རྗེས་སུ་རུ་འཐོབ་པ་ཡིན།
Keyword True
Example ཉི་མ་འཆར་ཁ་རུ་མལ་ལས་ལྡང་ལྟ་བུ།
རུ་ (1)
Part of speech མིང་ཚིག
Definition དམག་གི་དཔུང་སྡེའི་བརྡ་རྙིང་ཡིན་ཏེ།
Example ཡས་རུ། གཡོན་རུ། དབུ་རུ། རུ་ཁག་ལྟ་བུ།
Type བརྡ་རྙིང་།
རུ་ (2)
Part of speech མིང་ཚིག
Definition དུད་འགྲོའི་རྭ་ཅོ་ལ་གོ་བའང་ཡོད་དེ། དཔག་བསམ་འཁྲི་ཤིང་ལས། ལམ་ལ་འཕྲལ་ལ་བགྲོད་དེ་ལ། །བེའུ་ལ་ཆགས་རྨོངས་བཅས་པའི། །བ་ཡི་རུ་ཡིས་བརྡུངས་པར་གྱུར། །ཅེས་པ་ལྟ་བུའོ།
རུ་ (3)
Part of speech མིང་ཚིག
Definition རྩྭ་ཆུའི་རྗེས་འབྲངས་ནས་གནས་སྤོར་བའི་འབྲོག་ཁྱིམ་མམ་འབྲོག་སྡེའི་མིང་སྟེ།
Example རུ་པ། རུ་བབས། རུ་འགེལ་ཞེས་པ་ལྟ་བུ།
རུ་ (4)
Part of speech མིང་ཚིག
Definition ཨ་ལོང་ངམ་ཡུ་བའི་མིང་ལ་འཇུག་སྟེ།
Example ཨ་ལོང་བཞི་ཡོད་པའི་ཟངས་ཀྱི་སླ་ང་ལ་ཟངས་རུ་བཞི་མ་ཞེས་བརྗོད་དེ། མི་ལ་རས་པའི་རྣམ་ཐར་ལས། ལྷོ་བྲག་གི་ཕུ་མདའ་ཀུན་ལ་བསོད་སྙོམས་བྱས་པས། ལྷོ་བྲག་བྱེ་བོ་ཆེའི་ནས་ཁལ་ཉེར་གཅིག་རྙེད་པས་ལས་བཅུ་བཞི་ལ་ཟངས་རུ་བཞི་མ་ཕྱི་ནང་གཉིས་ལ་དྲེག་དང་གཡའ་སོགས་སྐྱོན་གྱིས་མ་གོས་པ་ཅིག་ཉོས། ཞེས་པ་ལྟ་བུའོ། །