75506

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རོ་འཛིན་དབང་མངོན་ (1)
Part of speech མིང་ཚིག
Definition རོ་འཛིན་དབང་མངོན་ཞེས་པ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ལྕེ་ཡི་དབང་པོ་དང། རང་གི་དམིགས་རྐྱེན་དུ་གྱུར་པའི་རོ་ལ་བརྟེན་ནས་སྐྱེས་པའི་ལྕེ་ཤེས་སུ་གྱུར་པའི་མངོན་སུམ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ལྕེ་ཡི་དབང་པོ་དང། རང་གི་དམིགས་རྐྱེན་དུ་གྱུར་བའི་རོ་ལ་བརྟེན་ནས་སྐྱེས་པ་གང་ཞིག རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ། རོ་འཛིན་དབང་མངོན་གྱི་མཚན་ཉིད། ཅེས་རིགས་འདྲའི་སྒོ་ནས་གསུངས་སོ། །
Domain ཚད་མ།