75802

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྐང་པ་དང་པོ་གསུམ་པ་དང་གཉིས་པ་བཞི་པ་བཟླས་པ་ (1)
Part of speech མིང་ཚིག
Definition རྒྱ་དཔེའི་རྐང་པ་དང་པོ་ལ། ན་སྠེ་ཡ༔ས་ཏྭ་ཡ་བརྫྱ༔ཞེས་རྐང་པ་འདི་རྐང་པ་གསུམ་པར་སླར་ཡང་བཀོད་པ་དང་། རྐང་པ་གཉིས་པ་ལ། པ་ར་མཱ་ཡ་ཏ་མ་ན་ཡཱ༔ཞེས་པ་འདི་རྐང་པ་བཞི་པར་སླར་ཡང་བཀོད་པས། གཞན་ཡི་གེ་དུ་མ་ཚོགས་པའི་རྐང་པ་དེ་དག་གི་བར་མ་ཆོད་པ་ལྟ་བུ་ཞིག་ཡིན།
Example བོད་མཁས་པས། ཡོན་ཏན་ཕུང་པོས་མངོན་མཐོ་རཏྣཀ༔། །འཇིག་རྟེན་ཀུན་ལ་ཅི་འདོད་ཆར་དུ་འབེབས། ། ཡོན་ཏན་ཕུང་པོས་མངོན་མཐོ་རཏྣ་ཀ༔། །འཇིག་རྟེན་ཀུན་ལ་ཅི་འདོད་ཆར་དུ་འབེབས། །ཞེས་རྐང་པ་དང་པོའི་རཏྣ་ཀ༔ནི་དཀོན་མཆོག་གསུམ་ལ་སྦྱར་བ་དང་། རྐང་པ་གསུམ་པའི་རཏྣ་ཀ༔ནི་ཡིད་བཞིན་གྱི་ནོར་བུ་ལ་སྦྱར་ཏེ་སོ་སོའི་དོན་སྟོན་པ་ལྟ་བུའོ། །
Domain རྩོམ་རིག