76329

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:45, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒུན་འབྲུམ་ (1)
Part of speech མིང་ཚིག
Definition ཤིང་ཏོག་ཟླུམ་པོ་ཆུང་ཆུང་། མདོག་ལྗང་ཁུ་དང་། དམར་སྨུག དམར་པོ་བཅས་ཡོད་ཅིང་། མང་པོ་མཉམ་དུ་ཚོམ་བུ་བྱས་ནས་མགོ་ཐོགས་པ་དང་། ནམ་རྒྱུན་ཆང་བཟོ་བྱེད་ལ་བེད་སྤྱོད་བྱེད། འདི་ནི་ཤིང་སྨན་གྱི་རིགས་ཤིག་ཡིན་པས། རོ་མངར། ཞུ་རྗེས་བསིལ། གློ་གཅོང་དང་གློ་ཚད་སེལ། དབུགས་མི་བདེ་བ་དང་། སྐད་འགག་པ། བྱིས་པའི་གློ་འཁུན་སོགས་ལ་ཕན།
Keyword True
Example ཁྲོམ་ལ་སོང་ནས་རྒུན་འབྲུམ་ཉོས་ལྟ་བུ།
Synonyms ཨ་ས་ཤ་ཏ། དོ་ཤལ་བྱེད། བ་ཡི་ནུ་མ། བ་རུ་ཤིང་ཀ འབའ་ཤ སྦྲང་གི་རོ། རོ་མངར། རོ་ལྡན། རོ་ཞིམ། ཚོགས་ཅན་མ། ཁྱུ་ལྡན།