76439

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱ་གསུམ་ཁ་སྤྲོད་ (1)
Part of speech མིང་ཚིག
Definition མར་སྟོན་ཇོ་སྨོན་གྱི་གདམས་པ་ཀེག་རྩིས་ཀྱི་རྣམ་གྲངས་ཤིག་སྟེ། དེ་གསུམ་ནི་སྤར་རྒྱན་མེ་ཏོག་གོ་ལོ་མར་སྦྱར་བའི་གསེར་ལོ་ཅན་གྱི་རྡེལ་འགྲེམས་དང་། གཡུ་ལོ་ཅན་གྱི་རྡེལ་འགྲེམས། དུང་ལོ་ཅན་གྱི་རྡེལ་འགྲེམས་བཅས་ཡིན། རྡེལ་འགྲེམས་དེ་རེ་རེ་ལ་རྡེལ་གྲངས་བརྒྱ་དང་ཉི་ཤུ་རེ་ཡོད་པས་འགྲེམས་ལུགས་གསུམ་ཀར་རྡེའུ་སུམ་བརྒྱ་དྲུག་ཅུ་ཡོད་ཅིང་། ཁྱུང་ལྷས་གཞོན་ནུ་བསོད་ནམས་ཀྱིས་རྡེལ་གྲངས་དེའི་སྟེང་དུ་ཞག་དང་དུས་ཚོད་ལའང་རྡེའུ་བརྒྱ་ཉི་ཤུ་རེ་བོར་ནས་ཁྱོན་བསྡོམས་རྡེལ་གྲངས་དྲུག་བརྒྱར་འདྲེན་པ་ཡིན། དེ་ལྟར་བརྩིས་པའི་འབྲས་བུ་ནི་རྒྱུད་སྡེ་ལྔ་ལས་འབྱུང་བ་ཤིང་གི་རྒྱུད་སྡོང་བོ་ཀུན་འདུས་ཀྱི་འགྲེལ་བའི་ནང་ཚན་གབ་པའི་སྙིང་གཟེར་ཞེས་བྱ་བར་ཡོད་ཅེས་མཁས་པའི་གཞུང་ལས་གསུངས་ཀྱང་། གནས་སྐབས་བྱ་སླ་བའི་ཆེད་དུ་སྲོག་རྡེལ་གྱིས་ཚེ་དང་། ལུས་རྡེལ་གྱིས་ནད། དབང་རྡེལ་གྱིས་ཟ་ཐང་། ཀླུང་རྡེལ་གྱིས་བསོད་ནམས། སྨེ་རྡེལ་གྱིས་གདོན་བྱད་བཅས་ལ་བརྟག་པའི་ཁ་དམར་སྤྱི་བསྡོམས་ལྔར་བསྡུས་པ་ལ་རིགས་མཐུན་འབྲས་བུ་གང་རུང་གིས་སྟངས་གཅོད་བྱས་ཀྱང་ཆོག་པ་ཡིན།
Domain རྩིས་རིག