76471

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:46, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱ་ཆེན་བཀའ་མཛོད་ (1)
Part of speech མིང་ཚིག
Definition འཐོར་བ་བསྡུད་པ། ཟབ་མོ་བཀྲོལ་བ། འཁྲུགས་པ་བསྡེབས་པ་དང༌། བཀའ་སྤྱི་དང་བྱེ་བྲག་གི་དགོངས་འབྲེལ་བླ་ན་མེད་པ་མདོ་སྔགས་གསར་རྙིང་རིག་གནས་དང་བཅས་པའི་དགོངས་དོན་ཕྱིན་ཅི་མ་ལོག་པར་ལྟ་བའི་མིག་ལྟ་བུ་དང༌། ཕན་བྱེད་ཀྱི་མན་ངག་ཕྲ་མོ་ཚུན་མ་ཚང་བ་མེད་པ་རྒྱལ་པོའི་བང་མཛོད་ཁ་ཕྱེས་པ་ལྟ་བུ། ཡུལ་ཁྱད་པར་ཅན་ལ་རྗེས་སུ་བསྔགས་པའི་བསྟོད་ཚོགས་ཀྱི་སྐོར་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་མཛོད། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཀྱི་སྐོར་བྱིན་རླབས་རྒྱ་མཚོ་མཐའ་ཡས་པའི་མཛོད། ཡུལ་དམ་པ་རྣམས་ལ་གསོལ་འདེབས་དང་ཞབས་བརྟན་གྱི་སྐོར་བསོད་ནམས་རྒྱ་མཚོ་མཐའ་ཡས་པའི་མཛོད། སྔ་ཕྱི་འགྱུར་གཉིས་ལས་བྱུང་བའི་ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ཟིན་བྲིས་ཀྱི་སྐོར་དངོས་གྲུབ་རྒྱ་མཚོ་མཐའ་ཡས་པའི་མཛོད། མདོ་སྔགས་ཀྱི་བཅུད་སྙིང་པོར་དྲིལ་བའི་ཁྲིད་ཡིག་གི་སྐོར་ཟབ་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད། རྣམ་བཤད་དང་འབེལ་གཏམ་དྲིས་ལན་གྱི་སྐོར་ལུང་རིགས་རྒྱ་མཚོ་མཐའ་ཡས་པའི་མཛོད། རྡོ་རྗེའི་གླུའི་སྐོར་ངེས་དོན་རྒྱ་མཚོ་མཐའ་ཡས་པའི་མཛོད། བསྐལ་པ་བཟང་པོའི་ཚོགས་ལ་དགོངས་ཏེ་ཞལ་གདམས་སུ་གནང་བ་བསྟན་པ་རྒྱ་མཚོ་མཐའ་ཡས་པའི་མཛོད། བརྡ་སྤྲོད་པ་ཡན་ལག་དང་བཅས་པའི་གཞུང་རིག་པ་རྣམས་ལ་མཚན་དུ་གསོལ་བ་ལེགས་སྦྱར་རྒྱ་མཚོ་མཐའ་ཡས་པའི་མཛོད། མཆོད་འབུལ་དང་ཆབ་ཤོག་གི་སྐོར་ལེགས་སྦྱར་རྒྱ་མཚོ་མཐའ་ཡས་པའི་མཛོད། དཀར་ཆག་ལོ་རྒྱུས་དང་ཞལ་བྱང་གི་སྐོར་ངོ་མཚར་རྒྱ་མཚོ་མཐའ་ཡས་པའི་མཛོད། ཉེར་མཁོ་སྣ་ཚོགས་ཀྱི་ཕན་བདེ་རྒྱ་མཚོ་མཐའ་ཡས་པའི་མཛོད། ཆོས་སྲུང་དང་ནོར་ལྷ་གཞི་བདག་གི་གསོལ་མཆོད་ཀྱི་སྐོར་ཕྲིན་ལས་རྒྱ་མཚོ་མཐའ་ཡས་པའི་མཛོད། ཐུན་མོང་རིག་པའི་གནས་ཀྱི་བསྟན་བཅོས་ཀྱི་སྐོར་ལེགས་བཤད་རྒྱ་མཚོ་མཐའ་ཡས་པའི་མཛོད། བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཡིད་བཞིན་འདོད་འཇོ་དགེ་ལེགས་རྒྱ་མཚོ་མཐའ་ཡས་པའི་མཛོད་བཅས་ས་བཅད་བཅོ་ལྔས་བཅིངས་པའི་པོད་བཅུ་དང་། དེ་སྟེང་རྗེ་ཉིད་ཀྱི་གསན་ཡིག་པོད་གཉིས་བཅས་དཔལ་སྤུངས་སྤར་མ་ལྟར་ན་ཁྱོན་པོད་བཅུ་གཉིས་བཞུགས་སོ། །
Domain ཆོས་ལུགས།