76688
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྤོད་ཀྱི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་རྒྱུས་ཕྲན་འདྲ་བ་དང༌། ལོ་མ་སྔོ་ལྗང་ཅུང་ཟད་མཐུག་ཅིང་རལ་གྲིའི་དབྱིབས་འདྲ་ལ་ཞེང་ཆུང་བ་སྐྱེ་གནས་དབང་གིས་རིང་ཐུང་ངེས་མེད་ལ་མེ་ཏོག་དམར་སྨུག་གམ་ཡང་ན་སེར་པོ་ཅི་རིགས་འཆར་བ། ཡལ་རྗེས་འབྲས་བུའམ་ས་བོན་ནག་ལ་ཟུར་གསུམ་དབྱིབས་ཅན་འདོགས་པ་བཅས། རང་ལྗོངས་ཀྱི་ལྷ་ས་དང༌། འདམ་གཟུང༌། ལྷུན་གྲུབ་རྫོང༌། དྭགས་པོ། སྣང་རྫོང་སོགས་ཀྱི་སྤང་དང་ཤིང་ཕྲན་གྱི་གསེབ་ཏུ་སྐྱེ་བ། བོད་ཟླ་དྲུག་པའི་ནང་ལོ་སྡོང་མེ་ཏོག་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཟོས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་ལྕི་བས་གྲང་རླུང་གི་ནད་དང༌། མཁལ་མའི་གྲང་ནད་སེལ་བ་དང༌། སྲིན་ནད་འཇོམས་ཤིང༌། ཁོག་པའི་ནང་གི་ཆུ་རྣག་འབྱིན་པར་བྱེད་པ་ཡིན་ཏེ། རྒྱ་བ་ཞེས་བྱ་སྒོག་པའི་རིགས། །ཉིན་སྲིབ་འབོལ་བའི་སྤང་ལས་སྐྱེས། ལོ་མ་མཐུག་ལ་རིང་བ་ཡིན། །མེ་ཏོག་དམར་བོ་རབ་ཏུ་མཛེས། །འབྲས་བུ་ཟླུམ་པོ་སྔོ་ལ་གསལ། །རོ་ཚ་ནུས་པས་གྲང་རླུང་དང་། །སྲིན་འཇོམས་ཁོང་བའི་ཆུ་རྣག་འབྱིན། ། |