76689

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:48, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱ་སྟག་ར་མོ་ཆེ་ (1)
Part of speech མིང་ཚིག
Definition ལྷ་སར་ཡོད་པའི་ར་མོ་ཆེ་གཙུག་ལག་ཁང་སྟེ། ཕྱི་ལོ་ ༦༤༡ ལོར་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་ནས་རང་ཉིད་ཀྱི་རྟེན་སྐལ་སྟོན་པ་དགུང་ལོ་བཅུ་གཉིས་ལ་སོན་པའི་འདྲ་སྐུ་བཞུགས་ཡུལ་དུ་བཞེངས། ཕྱིས་སུ་བལ་བཟའ་ཁྲི་བཙུན་གྱི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་ཡུལ་དུ་གྱུར། དེའི་ཕྱིས་སྐྱིད་ཤོད་སྡེ་པས། རྗེ་བཙུན་ཀུན་དགའ་དོན་གྲུབ་གཙོ་བོར་བཞུགས་པའི་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་ཡོངས་ཀྱིས། སྐྱིད་ཆུའི་ཆུ་ལོག་བཟློགས་པའི་བཀའ་དྲིན་གསབ་ཆེད། ར་མོ་ཆེ་གཙུག་ལག་ཁང་དང་ནང་གི་རྟེན་གསུམ་བཅས་པ་རྒྱུད་སྟོད་གྲྭ་ཚང་ལ་འབུལ་གནང་མཛད།