76732
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་སྟེ། ༡ རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་གཅིག ༢ རྡུལ་ཕྲན་བདུན་ལ་ནི་མཐོང་བ་ཐམས་ཅད་ལས་ཕྲ་བའི་ཉི་ཟེར་གྱི་རྡུལ་གཅིག ༣ ཉི་ཟེར་གྱི་རྡུལ་བདུན་ལ་ནི་རི་བོང་གི་རྡུལ་གཅིག ༤ རི་བོང་གི་རྡུལ་བདུན་ལ་ལུག་རྡུལ་གཅིག ༥ ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག ༦ གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག ༧ སྲོ་མ་བདུན་ལ་ནི་ཤིག་གཅིག ༨ ཤིག་བདུན་ལ་ནི་ནས་གཅིག ༩ ནས་བདུན་ལ་ནི་སོར་གཅིག ༡༠ སོར་བཅུ་གཉིས་ལ་ནི་མཐོ་གང༌། ༡༡ མཐོ་དོ་ལ་ནི་ཁྲུ་གང༌། ༡༢ ཁྲུ་བཞི་ལ་ནི་གཞུ་གང༌། ༡༣ གཞུ་སྟོང་ལ་ནི་རྒྱང་གྲགས་གཅིག ༡༤ རྒྱང་གྲགས་བཞི་ལ་ནི་མ་གངྷའི་དཔག་ཚད་གཅིག དཔག་ཚད་གཅིག་ལ་རྡུལ་རབ་བྱེ་བ་ཕྲག་འབུམ་ཕྲག་ཉི་ཤུ་རྩ་བཞི་དང་། བྱེ་བ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དགུ་ཡོད་དེ། ཡང་དེ་ལྟ་བུ་ནི་དཔག་ཚད་དོ། ། |