76791

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:49, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་སྠི་ར་མ་ཏི་ས་ཡོ་གའི་གཞུང་རྒྱུད་ཕྱི་ནང་ལས་ངེས་དོན་མདོར་བསྡུས་ཏེ་མཛད་པའི་རྒྱན་དམ་པ་སྣ་ཚོགས་པ་རིམ་པར་ཕྱེ་བ་བཀོད་པ། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་སྐད་ཕྱི་མོ་དང་གཏུགས། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་སློབ་དཔོན་སྠི་ར་མ་ཏིས་མཛད་པ། བམ་པོ་གཅིག་པ། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་འགྱུར་ཡིན་ཟེར་བ། འདི་རྙིང་མའམ་བོད་མ་ཞིག་ཡིན་པ་འདྲ་སྟེ། སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་བཞུགས་སུ་བཅུག་པ་ཡིན་ནོ་ཞེས་དང་། སྡེ་དཀར་དུའང་དེ་དང་མཚུངས་པར་འཁོད། ཐམས་ཅད་གསང་གཅིག་སྦྱོང་རྒྱུད་སྐོར་ཉེར་དྲུག ། ཤེར་ཕྱིན་བཅུ་གསུམ་མི་འཁྲུགས་སྐོར་སོགས་དགུ ། འགྲེལ་པ་དག་དང་སྒྲུབ་ཐབས་ལ་སོགས་སྐོར། ། རྣམ་གྲངས་བཞི་བཅུ་རྩ་དགུ་ལེགས་པར་བཞུགས། ། བསྟན་འགྱུར་རྒྱུད་ཇུ་པར་བཞུགས།