From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འདི་ལ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གདམས་པའི་མདོར་གྲགས། བཀའ་འགྱུར་མདོ་སྡེ་ཚ་པར་བཞུགས།
|
རྒྱལ་པོ་ལ་གདམས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཟུར་མཆན། གོང་གི་ཆོས་ཚན་འདི་གཉིས་ལ་སྡེ་བཀའི་དཀར་ཆག་ཏུ་“འདི་གཉིས་ལ་དཔྱད་གཞི་མཛད་མཁན་མང་དུ་བྱུང་ཡང་། ཚལ་པ་སི་ཏུ་ཐམས་ཅད་མཁྱེན་པས་ཚད་མར་མཛད་པའི་ཕྱིར་བཞག”ཅེས་འཁོད་པ་དང་། ཞོལ་དཀར་ཆག་ཏུའང་དེ་དང་མཐུན་པར་གསུངས་ཤིང་། སྣར་ཐང་དུ་མདོ་གོང་མ་འདི་གཉིས་ལྡན་དཀར་མ་དང་ཕྱིས་ཀྱི་ཆོས་འབྱུང་དག་ཏུ་མ་གྲགས་ཞེས་ཞྭ་དམར་བ་གསུང་ཞེས་འཁོད། འདི་ལ་བད་ས་ལའི་རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོར་གྲགས། བཀའ་འགྱུར་མདོ་སྡེ་ཚ་པར་བཞུགས།
|