77090

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱལ་བ་ཆོས་རྗེ་བཀྲ་ཤིས་དོན་གྲུབ་ (1)
Part of speech མིང་ཚིག
Definition འཁྲུངས་པའི་ལོ་ཚིགས་མི་གསལ། རྒྱལ་པའི་བཀའ་ལྟར་སེ་ཆེན་རྒྱལ་པོའི་རྒྱུད་ཀྱི་བླ་མཆོད་མཛད། ཕྱིར་ཕེབས་ནས་སྐུ་འབུམ་དགོན་དུ་བཞུགས། རབ་བྱུང་བཅུ་གཅིག་པའི་ས་སྟག་ཕྱི་ལོ་ ༡༦༣༨ ལོར་སྐུ་འབུམ་དགོན་པའི་གདན་སའི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་དོ་དམ་གནང་། རབ་བྱུང་བཅུ་གཅིག་པའི་ས་ཡོས་ཕྱི་ལོ་ ༡༦༣༩ ལོར་རྒྱ་ཡག་དཀའ་བཅུ་དགེ་འདུན་རྒྱལ་མཚན་དང་། ཟི་ན་བླ་མ་དཔལ་འབྱོར་རྒྱལ་མཚན། ཟི་ན་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་བཅས་ཀྱིས་སྦྱིན་བདག་མཛད་དེ། འདུ་ཁང་གསར་བཞེངས། མཛོད་དང་འདུལ་བའི་འཛིན་གྲྭ་བཙུགས། བརྩི་བཞག་ཀྱང་ལེགས་པར་གནང་། གདན་ས་ལོ་བཞིའི་རིང་བསྐྱངས། དགོན་པའི་མངའ་ཐང་དར་བར་མཛད། གཤེགས་ལོ་མི་གསལ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དྲུག་པ་ཡིན།