77093

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱལ་བ་ཏེན་ནེ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ་ ༡༡༢༧ ལོར་ཡར་མངའ་ནུབ་ཀྱི་ཆུ་འཁོར་དུ་ཡབ་ཇོ་སྲས་སྐྱབ་བེ་དང་། ཡུམ་འཚུར་མོ་བཟའ་མང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་ང་མལ་བརྩོན་འགྲུས་བླ་མ་ཡིན་ཞེས་གསུངས། སོ་སྐུ་རིང་ལས་ཐུགས་རྗེ་ཆེན་པོའི་རྫོགས་རིམ་དང་མ་ཎིའི་བཟླས་ལུང་ཞུས། ལྔ་པར་རས་ཆུང་པ་དང་མཇལ་ཞིང་ཏི་ཕུ་ལུགས་ཀྱི་དོ་ཧ་ཞུས། བདུན་པར་ཆོས་རྗེ་སྒམ་པོ་བ་ལས་ཕྱག་རྒྱ་ཆེན་པོ་ཞུས། དགུ་པར་སློབ་དཔོན་སྒོམ་པ་ལས་སྒྲོལ་མའི་འདོན་ལུང་དང་ཇོ་བོའི་ལུགས་ཀྱི་མན་ངག་རྣམས་ཞུས། བཅོ་ལྔའི་ཚུན་དུ་ཡབ་ཆེན་སྦྱངས་ལས་མ་གཤེན་ཕུར་གསུམ་དང་། དཔེ་སྲོག་གཙང་གསུམ་བཅས་ལ་ལེགས་པར་སྦྱངས། བཅོ་བརྒྱད་ཀྱི་བར་དུ་བྱ་སའི་ཇོ་བོ་ལྷ་ཆེན་པོ་དང་། ལྷ་བཙུན་སྔོན་མོ་གཉིས་ཀྱི་བློན་པོ་ལོ་ངོ་གསུམ་རིང་མཛད། ཉེར་ལྔ་པར་འབྲིང་ཆ་རུ་བ་ལས་དགེ་བསྙེན་གྱི་སྡོམ་པ་བླངས། བདེན་གཉིས་ཀྱི་ཆོས་རྣམས་ཞུས། པ་ཚབ་སྒོམ་པའི་མདུན་ལས་དབང་དང་གདམས་ངག་ཞུས། ལམ་ལྔའི་ཁྲིད་དང་། སྙན་བརྒྱུད་དོ་ཧའི་སྐོར། རྟེན་འབྲེལ་གྱི་ཆོས་སྐོར། རྫུ་འཕྲུལ་གྱི་ཆོས་སྐོར་བཅས་ཞུས། སྒོམ་སྒྲུབ་ལ་བརྟེན་པའི་མངོན་རྟོགས་འཁྲུངས། བླ་མའི་གསུང་རྣམས་ཀྱང་ཟིན་བྲིས་མཛད། རྒྱལ་ཁམས་འགྲིམ་པའི་རྣལ་འབྱོར་པ་མཛད། སློབ་མ་ཡང་མང་དུ་བསྐྱངས། རབ་བྱུང་བཞི་པའི་མེ་གླང་ཕྱི་ལོ་ ༡༢༡༧ ལོར་སྐུ་གཤེགས། ཆིག་བརྒྱད་སྦས་པའི་བླ་མ་རྣམ་གསུམ་ལས་གསུམ་པ་ཡིན། སློབ་མའིགཙོ་བོ་ནི་ངམ་ཤོད་ཀྱི་གཙང་པོ་དྲུག བཙུན་མོ་དང་ཡུམ་བུ་དྲུག དགེ་བཤེས་དྲུག སྔགས་པ་དྲུག ཁྱིམ་པ་དད་ཅན་དྲུག བླ་མའི་བཀའ་རྒྱ་མི་སྲུང་པའི་ཆོས་འཚོང་བའི་ཚོང་དཔོན་དྲུག་སྟེ་སུམ་ཅུ་རྩ་དྲུག་བཅས་ཡིན།