77153
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོ་དུས་རབས་བདུན་པའམ་བརྒྱད་པའི་བར་རྒྱ་གར་ནུབ་ཕྱོགས་འཁོར་མོ་བཟང་པོ་ཞེས་བྱ་བའི་ཡུལ་དུ། ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་། ཡུམ་རྡོ་རྗེ་འབྱོར་མའི་སྤྲུལ་པར་གྲགས་པ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ཞི་བའི་གོ་ཆར་བཏགས། རེ་ཞིག་ཡབ་རྒྱལ་པོ་གཤེགས་ནས་རྒྱལ་ས་བཞེས་དགོས་པའི་སྐབས་ལ། བདག་ཉིད་ཆེན་པོ་དེས་རྒྱལ་སྲིད་སྤངས་ནས་དཔལ་ན་ལེནྡྲར་ཞུགས་ཤིང་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་མཚན་ཞི་བ་ལྷ་ཞེས་གསོལ། དེ་ནས་མཁས་པའི་གོ་འཕང་ཐོབ། སྤྱོད་འཇུག་དང་བསླབ་བཏུས་སོགས་ཚད་ལྡན་གྱི་བསྟན་བཅོས་མང་པོ་བརྩམས། རྩོད་པས་ལྟ་བ་ངན་པ་བཟློག་པ་དང་། ནང་བསྟན་ལ་མི་དད་པའི་རྒྱལ་པོ་དང་མུ་སྟེགས་བྱེད་རྣམས་བཏུལ། ཕོངས་པ་རྣམས་ལ་གཏོང་བའི་ཕྱག་གིས་དབུགས་ཕྱུང་བ་བཅས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པ་ཞིག་གོ ། |