77183

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱལ་མཁན་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཉི་མ་ (1)
Part of speech མིང་ཚིག
Definition ཁོང་ནི་མདོ་སྨད་རེབ་གོང་གླང་གྱར་མེས་པོ་ལྡོང་དཔོན་གྱི་རྒྱུད་དུ་འཁྲུངས། དབུས་སུ་ཕེབས་ནས་འབྲས་སྒོ་མང་ཆོས་གྲྭར་ཞུས་ཏེ་གཞུང་ཆེན་ཁག་ལ་ཐུགས་གཉེར་མཛད། ལྷ་རམས་མཚན་བཏགས་བཞེས། ཅུང་གར་གྱིས་རྒྱལ་སོགས་མཁན་ས་དྲུག་བདུན་ཞིག་མཉམ་བསྐོ་བྱེད་རྒྱུར་སེ་འབྲས་དགེ་གསུམ་གྱི་དགེ་བཤེས་བཅུ་ཙམ་ཉིན་འགར་བརྩད་པས་འདི་བ་རྩེར་སོན་ཏེ་རྒྱལ་གྱི་མཁན་པོར་བསྐོས། མཚོ་སྔོན་དཀོན་མཆོག་ཝང་གིས་གཞུང་ལ་ཕན་ཐོགས་ཅན་གྱི་བླ་མ་ཞིག་དགོས་ཞུས་པ་ལྟར་མདོ་སྨད་དུ་ཕེབས། རོང་བོ་དགོན་ཆེན་གྱི་ཁྲིར་བཞུགས་ནས་ལོ་བཅུ་གསུམ་ལ་བསྐྱངས། རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ་༡༧༥༧ལོར་སྐུ་གཤེགས།

{{#arraymap:རྒྱལ་མཁན་ཆེན་སྐུ་ཕྲེང་དང་པོ་བློ་བཟང་ཉི་མ་

|; |@@@ | | }}