77313

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:50, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱས་པའི་མེ་ཐབ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ནི་དངོས་འབྱོར་ཕྱི་ནང་གི་མཆོད་རྫས་རྣམས་མེ་ལ་སྦྱིན་སྲེག་བྱ་སའི་ཐབ་ཀ་ཞིག་ཡིན། རྩིག་པའི་དབྱིབས་ནི། གྲུ་བཞི་སུམ་རྩེག་ཅན་ལ་ཁ་ཁྱེར་དུ་རྡུལ་མཚོན་གྱིས་རིན་ཆེན་ཞིག་བླུགས་ཏེ་ལྟེ་བར་ཡིག་འབྲུ་ས་ཞིག་དགོས་པར་བཤད། མདོག་ནི། སེར་པོ་དགོས་སོ། །དེའི་མཚོན་དོན་ནི། དངོས་འབྱོར་གྱི་མཆོད་པ་སྐམ་རློན་གྱི་རྫས་རྣམས་འབུལ་སའི་ལྷ་ཡི་ཞལ་མཚོན་པ་ཡིན་པར་བཤད་དོ། །འདིར་རིན་ཆེན་ནི། སྐབས་བབ་རྒྱས་པའི་དཀྱིལ་འཁོར་གྱི་སྒོ་དང་བསྟུན་པ་སྟེ། དགོས་འདོད་འབྱུང་བའི་བརྡ་དོན་ཡིན་པར་སྣང་ངོ་། །
Domain ཆོས་ལུགས།