77373
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐབས་སུ་བབས་པའི་ཕྱི་རྒོལ་ངོར། རང་གི་རིགས་འདྲ་སྔ་མས་རིགས་འདྲ་ཕྱི་མའི་ཆོས་གང་ཡང་རུང་བ་ཞིག་སྐྱེ་བར་སྒྲུབ་པའི་ཚེ་དེ་དང་དུས་མཉམ་དུ། རང་དང་ཚོགས་པ་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཆོས་ཡང་རུང་བ་དཔོག་པར་བྱེད་པའི་འབྲས་བུའི་ཚུལ་གསུམ་ཡིན་པ་ཞིག་ལ་ཟེར། དཔེར་ན་བུ་རོ་ད་ལྟ་བའི་རྟགས་ཀྱིས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་ཚེ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་ཚད་མ་གཅིག་དང་། དེ་དང་དུས་མཉམ་དུ་དེའི་སྟེང་དུ་བུར་གཟུགས་ད་ལྟ་བ་རྟོགས་པའི་ཚད་མ་གཉིས་སྐྱེས་པ་ལྟ་བུ་ཡིན་ཏེ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། རྗེས་དཔག་རྣམ་པ་མི་འདྲ་བ་གཉིས་སྐྱེས་ན་རྟགས་མི་འདྲ་གཉིས་དགོད་དགོས་པ་མ་ཡིན་པར་ཐལ། སྔར་བཤད་པ་དེ་ལྟར་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་གཅིག་པོ་དེ་ལས་རང་དུས་ན་འདས་པའི་བུ་རམ་གྱི་རོ་སྔ་མས་གཟུགས་བསྐྱེད་པའི་ནུས་པ་དང་། རང་དང་དུས་གཅིག་པའི་བུ་རམ་གྱི་གཟུགས་རྣམས་རྟོགས་པའི་ཚད་མ་སྐྱེས་པའི་ཕྱིར་ཞེས་གསུངས། མཚན་གཞི་ནི། ཁ་ནང་བུ་རམ་གོང་བུའི་སྟེང་དུ་ཆོས་ཅན། བུ་རོ་སྔ་མས་བུར་གཟུགས་ཕྱི་མ་སྐྱེད་པའི་ནུས་པ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར་ཞེས་པ་འདི་དེའི་མཚན་གཞི་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། བུ་རོ་ད་ལྟ་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔོག་གི་འབྲས་རྟགས་ཡང་དག་ཡིན། ཞེེས་གསུངས་པའི་ཕྱིར། |
| Domain | ཚད་མ། |