77374
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲས་རྟགས་ལ་ལྔར་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དང་པོ(རྒྱུ་ཆོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི)འི་མཚན་ཉིད། དེ་སྒྲུབ་ཀྱི་འབྲས་རྟགས་གང་ཞིག ། ཁྱོད་ཀྱི་དུས་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་གྲུབ་པས་ཁྱབ་པ། དཔེར་ན་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རམ་གྱི་གཟུགས་ད་ལྟར་བ་ཡོད་པར་སྒྲུབ་པ་ལ་བུ་རམ་གྱི་རོ་ད་ལྟར་བ་རྟགས་སུ་བཀོད་པ་ལྟ་བུའོ། །ཞེས་གསུངས། |
| Domain | ཚད་མ། |