77375
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟོང་ཉིད་ཁོ་ནས་སངས་རྒྱས་ཐོབ་པ་མ་ཡིན་ཅིང་སྟོང་ཉིད་བསྒོམ་པ་དགོས་པ་ཡོད་པ་དེའི་ཕྱིར་ན། ཐབས་ཤེས་ཟུང་འཇུག་གིས་སངས་རྒྱས་འགྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ཞེས་བྱ་བའི་རྫོགས་རིམ་གྱི་ཐབས་ནི་བདེ་བའི་སྡོམ་པ་སྟེ་ཤེས་རབ་ཡིན་ལ། སངས་རྒྱས་ང་རྒྱལ་རྣལ་འབྱོར་ནི་བསྐྱེད་རིམ་སྟེ། ཐབས་ཡིན་པས་དེ་གཉིས་ཀྱིས་སངས་རྒྱས་ཉིད་དུ་ངེས་པར་འགྲུབ་ཅེས་པའི་དོན་ནོ། །རྫོགས་པའི་བྱང་ཆུབ་སྒྲུབ་པའི་རྒྱུ་ཐུན་མོང་མ་ཡིན་པ་ནི་ཐབས་ལ་མཁས་པ་ཡིན་ཏེ། བྱང་ཆུབ་གསུམ་ཀ་ཡང་སྟོང་ཉིད་བསྒོམ་པས་རྣམ་པར་གྲོལ་བ་ཐོབ་པར་མཚུངས་ན་ཡང། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་པའི་བྱང་ཆུབ་ནི་ཐབས་མཁས་ཁོ་ན་ལས་བྱུང་བའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། ཤེས་རབ་སྟོང་ཉིད་རྐྱང་པ་ལ་འཚང་རྒྱ་བའི་ལམ་གྱི་བྱེད་པ་ཅི་ཡང་ཡོད་པ་མ་ཡིན་ལ། ཐབས་གཞུ་ལྟ་བུ་དང་ཤེས་རབ་ཀྱི་མདའ་དེ་ཟུང་དུ་ལེགས་པར་འབྲེལ་ན་འདོད་པའི་འབྲས་བུ་རིམ་བཞིན་ཐོབ་སྟེ། རིམ་གྱིས་ས་ལམ་བགྲོད་ནས་འཚང་རྒྱ་བར་འགྱུར་བས་སོ། །སྟོང་ཉིད་ཁོ་ནས་སངས་རྒྱས་ཐོབ་པ་མ་ཡིན་ཞིང། སྟོང་ཉིད་བསྒོམ་པ་ལ་དགོས་པ་ཡོད་པ་དེའི་ཕྱིར་ན་ཐབས་ཤེས་ཟུང་འཇུག་གི་སངས་རྒྱས་འགྲུབ་སྟེ། དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བ་རྫོགས་རིམ་གྱི་ཐབས་ནི་བདེ་བའི་སྡོམ་པ་སྟེ། རང་བྱུང་ཡེ་ཤེས་བསྐྱེད་ནས་ཆོས་སྐུ་འགྲུབ། སངས་རྒྱས་ཀྱི་ང་རྒྱལ་བསྐྱེད་རིམ་གྱི་རྣལ་འབྱོར་གྱིས་ཐ་མལ་དུ་འཛིན་པ་སྦྱངས་ནས་སངས་རྒྱས་གཟུགས་སྐུ་ཉིད་དུ་ངེས་པར་འགྲུབ་བོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |