77384

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition བེམ་པོ་གྱུུར་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་དབྱེ་བའི་ནང་གསེས། དགག་བྱའི་ཆོས་དེའི་རྒྱུ་དང་འགལ་བའི་འབྲས་བུ་དེ་ཡོད་ན་སྐབས་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ཞིང་། དགག་ཆོས་དེའི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་ཡང་དག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དགག་བྱའི་ཆོས་ཀྱི་འགལ་ཟླའི་རྒྱུ་དངོས་དང་། རྒྱུ་དེའི་འབྲས་བུ་སྣང་དུ་རུང་ན་རྒྱུ་འགལ་དམིགས་དང་། རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་ཡིན་ནོ། །ཞེས་དང་། དྲུག་པ་ནི། ཤར་ཕྱོགས་ཀྱི་དུ་བ་དྲག་འཕྱུར་བ་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་དང་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་ཏེ། དུ་བ་དྲག་འཕྱུར་བ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དེ་ལྟ་བུ་སྟེ། དགག་བྱའི་ཆོས་གྲང་འབྲས་ཀྱི་རྒྱུ་གྲང་རེག་གི་འགལ་ཟླ་མེའི་འབྲས་བུ་དུ་བ་དྲག་འཕྱུར་བ་རྟགས་སུ་སྦྱར་བའི་ཚུལ་གསུམ་ཡིན་པའི་ཕྱིར།
Domain ཚད་མ།