77396

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:51, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition འབྲས་རྟགས་ལ་ལྔར་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཉིས་པ(རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་གི)འི་མཚན་ཉིད། ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་གང་ཞིག རང་ལས་རྫས་ཐ་དད་དུ་གྱུར་པའི་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འབྲས་བུ་ཡིན་པ།
Example དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པ་ལ། དུ་བ་རྟགས་སུ་བཀོད་པ་ལྟ་བུའོ། །ཞེས་གསུངས།
Domain ཚད་མ།
རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition སྐབས་ཀྱི་ཕྱི་རྒོལ་ཡང་དག་གི་ངོར་རང་གི་དངོས་རྒྱུ་གོ་བྱེད་ཀྱི་འབྲས་བུའི་རྟགས་ཡང་དག་ཞིག་ལ་ཟེར། མཚན་གཞི་ནི། དུ་བ་དང་ལྡན་པའི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའི་རྟགས་ལྟ་བུ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་དང་། ཞེས་གསུངས་པའི་ཕྱིར།
རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ (3)
Part of speech མིང་ཚིག
Definition འབྲས་རྟགས་ལྔའི་ནང་གསེས། འབྲས་བུ་རང་ཉིད་རྟགས་སུ་བཀོད་ནས། དེས་རང་གི་རྒྱུ་དངོས་སུ་སྒྲུབ་པའི་འབྲས་རྟགས་ཤིག། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དུ་ལྡན་གྱི་ལ་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བཀོད་པའི་ཚེ་ན་དུ་བ་ལྟ་བུ། ཞེས་སོ། །