77462
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུ་མཚན་མ་གྲུབ་པའི་ཡིད་དཔྱོད་ཅེས་པ་ནི། རང་ཉིད་རྒྱུ་མཚན་གང་ལ་བརྟེན་ནས་སྐྱེས་པའི་རྒྱུ་མཚན་ནམ་རྟགས་དེ་དོན་ལ་རྒྱུ་མཚན་ཡང་དག་ཏུ་མ་གྲུབ་པའི་དེ་སྒྲུབ་ཀྱི་མ་གྲུབ་པའི་གཏན་ཚིགས་ཡིན་ཀྱང་རང་ཉིད་རྒྱུ་མཚན་དེ་ལ་བརྟེན་ནས་སྐྱེས་པའི་ཡིད་དཔྱོད་ཅིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། མིག་ཤེས་ཀྱི་བཟུང་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་དེ། རྒྱུ་མཚན་མ་གྲུབ་པའི་ཡིད་དཔྱོད་ཀྱི་མཚན་གཞི་ཡིན་ཏེ། མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་ཞེས་གསུངས་སོ། ། |
| Domain | ཚད་མ། |