78002

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྔ་ཟོར་བཙས་ཀླུང་དགུ་མིག་ (1)
Part of speech མིང་ཚིག
Definition ཕ་མ་གཉིས་ལས་སུ་ཞིག་རྔ་ཟོར་དགུ་མིག་ཏུ་ཚུད་དུས་དེར། རང་ལོ་ཚུད་པ་དེའི་རུས་ཁམས་ཀྱི་ན་ཤི་དུར་ལོར་གཏོགས་པའི་བརྩི་བྱ་སྐྱེས་པ་ལ་ཟེར་བ་ཡིན། གལ་སྲིད་སྨེ་ཕྲེང་གཉིས་པའི་ས་བྱ་ལོར་སྐྱེས་པའི་ཕ་མ་སུ་རུང་ལ་རང་ལོ་ཞེ་ལྔའི་སྟེང་དུ་བུས་པ་སྐྱེ་བར་ཆ་བཞག་ན། ལོ་དེར་ཤར་བའི་གནམ་ལོ་ཤིང་སྦྲུལ་ཡིན་པས་ཕའམ་མ་དེ་ཡར་གྱི་རྔ་ཟོར་དགུ་མིག་ཏུ་ཚུད་ཡོད་པ་མ་ཟད། ཚུད་པའི་ཕའམ་མ་དེའི་སྐྱེས་སྨེ་བཞི་ལྗང་དང་ཁམས་གཅིག་པའི་རུས་ཀེག་ཡིན་པས། ཀེག་ཁམས་ཤིང་དབུགས་སྤྲེལ་ནས་བླངས་ཏེ་ཆོས་བསྐོར་གྱིས་བུས་པའི་རང་ལོ་སྦྲུལ་སྟེང་བསྐོར་བའི་དར་གུད་ཡང་ན་བ་ཡིན་པས། འདི་ལྟ་བུ་ནི་རྔ་ཟོར་བཙས་ཀླུང་དགུ་མིག་ཡིན་པ་ལྟ་བུ་ཡིན། དེ་མིན་ཕའམ་མའི་རུས་ཁམས་དབང་ཁམས་ཡིན་པའི་རུས་ཁམས་དེའི་ན་ཤི་དུར་ལོ་གནམ་ལོར་ཤར་དུས་ལ་བུས་པ་སྐྱེས་ཀྱང་རྩུབ་པ་སྟེ། དེ་ཡང་ཕའམ་མའི་དུས་ཁམས་ཤིང་ཡིན་ན། ཤིང་དབུགས་སྤྲེལ་ནས་བླངས་པའི་ན་བ་སྦྲུལ་ཡིན་པས། བུས་པ་ཤིང་སྦྲུལ་སྐྱེས་ན་མཆོང་གི་གཤོག་པ་གྲུམ་ཞེས་གློ་བུར་བའི་ནད་འོང་བར་བཤད། ཤི་བ་རྟ་ཡིན་པས། བུས་པ་ཤིང་རྟ་སྐྱེས་ན་གཡུའི་སྦལ་བ་ལམ་རྒྱ་གྲམ་དུ་འགྲོ་ཞེས་ནོར་གོད་འོང་བར་བཤད། དུར་ཞུགས་ལུག་ཡིན་པས། བུས་པ་ཤིང་ལུག་སྐྱེས་ན་གནམ་སྨན་བུ་འཆོར་ཞེས་བུས་པ་ཆུང་ངུ་ལ་ངན་པར་བཤད། ཕའམ་མའི་རུས་ཁམས་མེ་ཡིན་ན། མེ་དབུགས་ཕག་ནས་བླངས་པའི་ན་བ་སྤྲེལ་ཡིན་པས། བུས་པ་མེ་སྤྲེལ་སྐྱེས་ན་དཔྲལ་བའི་ཐེར་ལ་འོང་བའི་ཤིག་ཆུང་ཞེས་ཚེ་ཟད་ཡིན་པར་བཤད། ཤི་བ་བྱ་ཡིན་པས། བུས་པ་མེ་བྱ་སྐྱེས་ན་དགུ་བསེ་ཕོར་སྣོད་ཀྱིས་མི་ཐུབ་པའི་དུས་ཡིན་པར་བཤད། དུར་ཞུགས་ཁྱི་ཡིན་པས། བུས་པ་མེ་ཁྱི་སྐྱེས་ན་དཔག་ཆེན་གྱི་མདའ་ཁར་ཕྱིན་དུས་ཞེས་ཕ་ཁུ་རྩུབ་པར་བཤད། ཕའམ་མའི་རུས་ཁམས་ས་དང་ཆུ་ཡིན་ན། ས་ཆུའི་དབུགས་སྦྲུལ་ནས་བླངས་པའི་ན་བ་སྟག་ཡིན་པས། བུས་པ་ཆུ་སྟག་སྐྱེས་ན་གཡུ་སྒ་འཆག་པའི་དུས་ཞེས་ཕུ་བོར་རྩུབ་པར་བཤད། ཤི་བ་ཡོས་ཡིན་པས། བུས་པ་ཆ་ཡོས་སྐྱེས་ན་ནུ་བོར་རྩུབ་པར་བཤད། དུར་ཞུགས་འབྲུག་ཡིན་པས། བུས་པ་ཆུ་འབྲུག་སྐྱེས་ན་ཚ་མག་རྩུབ་པར་བཤད། ཕའམ་མའི་རུས་ཁམས་ལྕགས་ཡིན་ན། ལྕགས་དབུགས་སྟག་ནས་བླངས་པའི་ན་བ་ཕག་ཡིན་པས། བུས་པ་ལྕགས་ཕག་སྐྱེས་ན་སྒོང་ཐོག་ཏུ་ལྕགས་ཀྱི་ཕ་བོང་འགྲིལ་བཞིན་ངན་པར་བཤད། ཤི་བ་བྱི་བ་ཡིན་པས། བུས་པ་ལྕགས་བྱི་སྐྱེས་ན་སྟག་དར་མ་མདའ་ཁར་འགྲོ་དུས་ཞེས་གློ་བུར་གྱི་ནད་དགྲ་འོང་ཞིང་འཆི་བར་བཤད། དུར་ཞུགས་གླང་ཡིན་པས། བུས་པ་ལྕགས་གླང་སྐྱེས་ན་ལྕགས་ཀྱི་སྤྱང་མོ་མཛོལ་འོག་ལ་འཆོར་དུས་ཞེས་ཡུལ་མཁར་དགྲ་ལ་འཆོར་བར་བཤད། གལ་སྲིད་བུས་པ་དེ་དག་གི་དབང་ཁམས་ཕའམ་མའི་རུས་ཁམས་མིན་ན་ཡིན་པ་ལས་སྣད་ཅུང་ཟད་ཆུང་བ་ཡིན། གཞན་ཡང་ཕའམ་མའི་རང་ལོའི་སྲོག་ཁམས་དབང་ཐང་ཡིན་པའི་སྲོག་ཁམས་ཀྱི་ན་ཤི་དུར་ལོ་གནམ་ལོར་ཤར་དུས་དེར་བུས་པ་སྐྱེས་ཀྱང་གོང་བཞིན་རྩུབ་པར་བཤད།
Domain རྩིས་རིག