78098
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྔོག་མདོ་སྡེའི་སྲས་ཆེ་བ། གཙང་ཚ་ཇོ་ཚུལ་ལམ་ཚུལ་ཁྲིམས་ཤེས་རབ་ཀྱི་སྲས་ཀུན་དགའ་རྡོ་རྗེ་མཆོག་ནི། ཡུམ་དར་མཛེས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་གླང་ ༡༡༥༧ ལོར་འཁྲུངས། ཟླ་བ་བདུན་ནས་ཡབ་གཤེགས་པས་མེས་མདོ་སྡེས་བསྐྱངས། དགུང་ལོ་བཅུ་ལོན་ཚེ་མེས་གཤེགས། འདིས་ལྷོ་ནག་པ་མོའི་མཚོའུ་དར་རེ། དཔལ་ཆེན་གོ་བོ། གྲུབ་ཐོབ་ཤེལ་པོ་བ། མལ་ནག་མོ་བཅས་བླ་མ་མང་པོ་ལས་ཐོས་པ་མཛད། འཆད་ཉན་ལེགས་པར་བྱས་པས་སློབ་མ་མང་དུ་ཐོན། སྤྲེ་ཞིང་བཏབ། དོན་བརྒྱད་པ་ཤིང་རྟ་ ༡༢༣༤ ལོར་གཤེགས་སོ། ། |