78237

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྗེ་མཁན་ཁྲི་གཉིས་པ་བསོད་ནམས་འོད་ཟེར་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་དཀར་སྤེ་བསེ་ལུང་ནང་ཕ་ཇོའི་སྲས་རྒྱུད་དུ། རབ་བྱུང་བཅུ་པའི་ཆུ་གླང་ ༡༦༡༣ ལོར་འཁྲུངས། དགུང་གྲངས་བཅུ་ལ་ལྕགས་རིའི་གདན་སར་སྐྱབས་མགོན་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཞབས་ལ་གཏུགས་ཏེ་ཆོས་སྒོར་ཞུགས། ཡོངས་འཛིན་ལྷ་དབང་རྗེ་ལ་ཚིགས་གསུམ་རིམ་པར་མནོས་ཏེ། བརྟན་མཁས་ཡོན་ཏན་དུ་མའི་ཕུང་པོར་གྱུར། རང་ལུགས་ཐུན་མིན་གྱི་གདམས་སྐོར་མཐར་ཆགས་སུ་གསན་སྦྱོང་ཉམས་བཞེས་མཛད། ཤར་ལུང་སྤྱིའི་བླ་མཆོད་མཛད་དུས་ངོ་མཚར་ཅན་གྱི་གྲུབ་རྟགས་མང་དུ་བསྟན་པས་མཐུ་སྟོབས་དབང་ཕྱུག་ཏུ་གྲགས། མཁོ་ཐང་རྡོ་ལུང་དགོན་པར་གདན་ས་བཏབ་སྟེ། ལས་ཅན་སློབ་མ་མང་པོ་རྗེས་སུ་བཟུང༌། དགུང་གྲངས་དྲུག་ཅུ་ལ་མཁན་ཁྲིར་བྱོན། ལོ་ངོ་བཅུ་བདུན་བར་བཞུགས་ཏེ། ཐུགས་སྲས་མང་དུ་བྱུང་ནས་བཤད་སྒྲུབ་ཀྱི་བསྟན་པར་མཛད་རྗེས་ཆེ། དགུང་གྲངས་དོན་བདུན་པ་ས་སྦྲུལ་ ༡༦༨༩ ལོར་ཞི་བར་གཤེགས་སོ། །