78247
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཝང་སྲིན་མོར། རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ ༡༧༥༢ ལོར་འཁྲུངས། དགུང་ལོ་བཅུ་གསུམ་ལ་གྲྭ་སྡེར་ཞུགས། མཁན་ཆོས་རྗེ་ངག་ཕྲིན་དང་ཀུན་རྒྱམ་ལས་བསླབ་ཚིགས་རིམ་པར་མནོས། རིགས་བདག་བསྟན་འཛིན་རྣམ་རྒྱལ་བསྟེན་ནས་ཐོས་བསམ་དང་སྨིན་གྲོལ་གདམས་པའི་སྐོར་རྣམས་གསན་བསམ་སྒོམ་པ་མཐར་ཕྱིན་མཛད། དེ་ནས་ཐུགས་སྤྲུལ་འཇིགས་གྲགས་ཕྱི་མའི་ཡོངས་འཛིན་གནང༌། བཀྲ་ཤིས་སྒང་གཟིམས་ཁང་གོང་མའི་གདན་ས་བཏབ་སྟེ། རྒྱལ་སྲས་འཇམ་རྡོར་ལ་སོགས་པ་རྗེས་སུ་བཟུང་བའི་སྐབས། དགུང་གྲངས་རེ་ལྔ་པ་མེ་བྱི་ལ་འཇིགས་གྲགས་ཀྱི་བཀས་བསྐུལ་ཏེ་མཁན་ཁྲིར་ཕེབས། ལོ་ངོ་བཅུའི་བར་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་མཐར། དགུང་ལོ་དོན་ལྔ་པ་མེ་ཁྱི་ ༡༨༢༦ ལོར་མཁན་ཁྲིའི་ཐོག་ཏུ་ཞི་བར་གཤེགས་སོ། ། |