78248

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྗེ་མཁན་ཁྲི་ཉེར་དྲུག་པ་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཤར་སྦེད་ནག་ཏུ། རྗེ་འཇམ་གྲགས་ཀྱི་དབོན་པོར། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ ༡༧༨༠ ལོར་འཁྲུངས། སྐུ་ནར་སོན་པ་དང་འདུས་སྡེར་ཞུགས། མཁན་འཇམ་དབྱངས་རྒྱལ་མཚན་ལས་བསླབ་ཚིགས་དང༌། ཐོས་བསམ་ཅི་རིགས་མཛད། བཀའ་དྲིན་གསུམ་ལྡན་འཇམ་དཔལ་གྲགས་པ་ལས་ཕྱག་རྒྱ་ཆེན་པོའི་ཉམས་ཁྲིད་བསྐྱངས་ཏེ་ལྟ་བའི་ངེས་ཤེས་རྙེད། དགུང་གྲངས་དྲུག་ཅུ་ལ་མཁན་ཁྲིར་བྱོན། བསྟན་པ་སྐྱོང་བཞིན་པར། དགུང་ལོ་རེ་གཅིག་པ་ལྕགས་བྱི་ ༡༨༤༠ ལོར་གཤེགས་སོ། །