78259

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:18, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྗེ་མཁན་ཁྲི་བཅུ་པ་པཎ་ཆེན་བསྟན་འཛིན་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ནགས་རྙིང་སྒང་ཉིས་ནང་དུ། རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་ ༡༧༠༡ ལོར་འཁྲུངས། དགུང་ལོ་བཅུ་གཉིས་ལ་ནགས་རིན་རྣམ་འཕྲུལ་མཁན་ཆེན་བཟོད་པའི་ཞབས་ལ་གཏུགས་ཏེ་འདུས་སྡེར་ཞུགས། མཁན་ཆེན་དེ་ཉིད་དང༌། ངག་དབང་ལྷུན་གྲུབ་ལས་ཚིགས་གསུམ་རིམ་པར་མནོས། ཡོངས་འཛིན་དགེ་སློང་འབྲུག་པད་དཀར་སོགས་དང༌། རིགས་ཀྱི་བདག་པོ་མཁས་གྲུབ་ཆེན་པོ་བསྟན་འཛིན་དོན་གྲུབ་ལ་བསྟེན་ཏེ། བཅུ་ཕྲག་རིག་པའི་གནས་ལ་མཁས་པར་སྦྱངས་ནས་པཎྜི་ཏའི་གྲགས་པ་ཐོན། ཐུན་མིན་གདམས་སྐོར་རྣམས་ཀྱང་གསན་སྒོམ་གནང༌། དགུང་གྲངས་སོ་གཅིག་ནས་བསེ་ལ་རྣམ་རྒྱལ་རྩེར་ལོ་དྲུག་དང༌། གདན་ས་དབང་འདུས་ཕོ་བྲང་དུ་ཤར་ལུང་སྤྱིའི་བླ་མར་བྱོན་ནས་ལོ་བདུན་བཞུགས། སྤུངས་ཐང་དུ་རྒྱལ་སྲས་འབྲུག་རྣམ་གྱི་ཡོངས་འཛིན་མཛད་ནས་རིམ་གྱིས་རྡོ་རྗེ་སློབ་དཔོན་གྱི་གོ་སར་བྱོན། དེ་སྐབས་ཆོས་རབ་རྩེ་ལ་སོགས་པའི་ཕྱོགས་ཀྱི་རབ་བྱུང་གི་སྡེ་རྣམས་གསར་འཛུགས་གནང༌། དགུང་གྲངས་ང་ལྔ་ལ་མཁན་ཁྲི་བཟུང༌། ལོ་ངོ་བདུན་བར་དུ་འཆད་རྩོམ་སྤེལ་གསུམ་གནང༌། གསུང་འབུམ་ཡང་པོད་འགའ་ཙམ་བཞུགས། རེ་གཉིས་པར་ཁྲི་ལས་བྱོལ་ཏེ་དབེན་པར་གཞོལ། རེ་བདུན་པ་མེ་ཕག་ ༡༧༦༧ ལོར་གཤེགས་སོ། །