78268
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཁ་བཞིའི་ཡ་བ་དྷ་ལི་ཁར། རབ་བྱུང་བཅུ་བཞིའི་ས་ཁྱི་ ༡༨༣༨ ལོར་འཁྲུངས། སྐུ་ནར་སོན་ཙམ་ནས་གཞུང་སྡེར་ཞུགས། མཁན་ཡོན་ཏན་རྒྱལ་མཚན་དང་ཀུན་དགའ་དཔལ་འབྱོར་སོགས་ལས། བསླབ་ཚིགས་དང་ཐོས་བསམ་སྨིན་གྲོལ་བཅས་ཆོས་ཚུལ་དུ་མ་གསན་སྦྱོང་མཛད། དགུང་གྲངས་ང་གཅིག་པ་ས་བྱི་ལ་མཁན་ཁྲིར་ཕེབས། ང་གཉིས་པ་ས་གླང་ ༡༨༨༩ ལོར་མཁན་ཁྲིའི་ཐོག་ཏུ་སྐུ་གཤེགས་སོ། ། |