78274
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་རྒྱ་བར་ཚེ་བྲག་དགོན་དུ། རབ་བྱུང་བཅོ་ལྔའི་ཆུ་ལུག་ ༡༨༨༣ ལོར་འཁྲུངས། གཞོན་ནུ་ནས་གཞུང་གྲྭར་ཞུགས། ཆོས་རྗེ་མཁན་ཕྲིན་རྒྱལ་དང་འཇིགས་མེད་ཆོས་རྒྱལ་སོགས་ལས་བསླབ་ཚིགས་དང་སྨིན་གྲོལ་གྱི་ཁྲིད་རིམ་བཞེས། བུམ་ཐང་དུ་བྱོན་ནས་དགེ་བཤེས་ཚུལ་ཁྲིམས་དཔལ་བཟང་ལས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་གསན་སྦྱོང་མཛད། དེ་ནས་དབྱངས་སློབ་དང༌། རྡོར་སློབ་ཀྱི་གོ་ས་རིམ་པར་ཕེབས། དགུང་གྲངས་རེ་བཞི་པ་མེ་ཁྱི་ལ་མཁན་ཁྲི་བཟུང༌། ལོ་ངོ་དགུའི་བར་བསྟན་པ་བསྐྱངས། དོན་བཞི་པ་མེ་སྤྲེལ་ ༡༩༥༦ ལོར་གཤེགས་སོ། ། |