78293
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷོ་འབྲུག་ཐེད་རྒྱུད་སྤང་གཤོང་དགོན་དུ། རབ་བྱུང་བཅུ་བཞི་པའི་ཆུ་བྱ་ ༡༨༡༣ ལོར་འཁྲུངས། གཞོན་ནུ་ནས་གྲྭ་ཚང་དུ་ཞུགས། མཁན་འཇམ་གྲགས་དང༌། ཤེར་རྒྱལ་གཉིས་ལས་བསླབ་ཚིགས་རིམ་པར་མནོས། ཕྱི་མ་ལས་ཐོས་བསམ་སྨིན་གྲོལ་དང་བཅས་པ་གསན་སྒོམ་མཛད། དགུང་གྲངས་ང་གསུམ་ལ་མཁན་ཁྲིར་ཕེབས། ལོ་བཞིར་བསྟན་པ་བསྐྱངས། དེ་ནས་ཐུགས་འགན་བཤོལ་ཏེ་དབེན་པར་གཞོལ། རེ་གསུམ་ལ་མཁན་ཁྲི་སོ་བདུན་པ་ཀུན་དགའ་སེང་གེ་གཤེགས་ནས་སླར་མཁན་ཁྲི་སོ་བརྒྱད་པའི་མཛད་འགན་བཞེས། དགུང་ལོ་རེ་གསུམ་པ་ཤིང་ཕག་ ༡༨༧༥ ལོར་གཤེགས་སོ། ། |