78596
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་རབ་ཏུ་འཐོབ་པ། མཐོང་ནས་ཀྱང་ལྷག་པའི་བསམ་པས་དེ་ལ་དད་པ་རབ་ཏུ་འཐོབ་པ། སེམས་དད་ནས་ཆོས་མཉམ་པ་རབ་ཏུ་འཐོབ་པ། ཆོས་ཐོས་ནས་ཀྱང་ཐེ་ཚོམ་མ་མཆིས་པ་རབ་ཏུ་འཐོབ་པ། ཐེ་ཚོམ་མ་མཆིས་ནས་ཀྱང་རབ་ཏུ་འབྱུང་བ་རབ་ཏུ་འཐོབ་པ། རབ་ཏུ་བྱུང་ནས་ཀྱང་འཚོ་བ་ཡོངས་སུ་དག་པ་རབ་ཏུ་འཐོབ་པ། འཚོ་བ་ཡོངས་སུ་དག་ནས་ཀྱང་ཆོས་བསྟན་པ་ལ་མཁས་པ་ལ་མཁས་པ་རབ་ཏུ་འཐོབ་པ། ཚེ་རབས་སུ་བྱང་ཆུབ་ཀྱི་སེམས་རབ་ཏུ་འཐོབ་པ། བྱང་ཆུབ་ཀྱི་སེམས་མ་བརྗེད་ནས་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་མཉམ་པ་རབ་ཏུ་འཐོབ་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་ནས་ཀྱང་སྒྲུབ་པ་རབ་ཏུ་འཐོབ་པའོ། ། |
| Domain | ཆོས་ལུགས། |