78872
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་ཤུག་དགོན་བཀྲ་ཤིས་བསམ་གཏན་གླིང༌། མདོ་སྨད་ཐེ་བོ་དཔལ་ཡོན་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། དུས་རབས་བཅོ་བརྒྱད་པའི་ནང་རྟ་ཤུག་སྐུ་ཕྲེང་དང་པོ་བློ་བཟང་ཉི་མས་ཕྱག་བཏབ་ཀྱང་མི་རིང་བར་ཉམས། ཕྱིས་སུ་ཀིརྟི་སྐུ་ཕྲེང་བདུན་པ་ྋསྐྱབས་མཆོག་ཐུབ་བསྟན་ཉི་མའི་བཀའ་དྲིན་ལས་སླར་གསོ་བྱུང༌། ཁོང་གིས་དགོན་པའི་མཚན་ལ་བཀྲ་ཤིས་བསམ་གཏན་གླིང་ཞེས་བསྩལ། རྟ་ཤུག་སྤྲུལ་སྐུ་སྐུ་ཕྲེང་ཕྱི་མ་རྣམས་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་གདན་སར་ཞུགས་ནས་སློབ་གཉེར་གནང་སྐབས་བསེ་བོ་རོང་སྤྲུལ་སྐུ་ཞེས་འབོད། ཆོ་འཕྲུལ་སྨོན་ལམ་དང་བཞི་པའི་མཆོད་པ། དགུ་གཏོར་སོགས་ཀྱི་སྒྲུབ་མཆོད་ཡོད། ཕྱི་ལོ་ ༡༩༥༠ གོང་གྲྭ་གྲངས་ ༢༠ ལྷག་བཞུགས། མཚན་གཞན། སྟེང་ཁ་དགོན། གདུགས་དཀར་དགོན། |