78964

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟགས་ཀྱི་དབྱེ་བ་ (1)
Part of speech མིང་ཚིག
Definition སྤྱིར་བོད་ཀྱི་ཡི་གེ་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བྱས་ན། དབྱངས་ཡིག་མཚོན་བྱེད་ཨི་ཨུ་ཨེ་ཨོ་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་དང་། ཀ་ནས་ཨའི་མཐར་ཐུག་པ་གསལ་བྱེད་སུམ་ཅུ་པོ་རྣམས་ནི་ཐབས་ཀྱི་རང་བཞིན་ཕོ་ཡིན།
Domain སྒྲ་རིག་པ།

{{#arraymap:རྟགས་ཀྱི་དབྱེ་བ་

|; |@@@ | | }}

རྟགས་ཀྱི་དབྱེ་བ་ (2)
Part of speech མིང་ཚིག
Definition གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་ཐམ་པ་བོ་ངག་ནས་བརྗོད་པའི་ཚེ། དེའི་ནང་ནས་སྒྲ་དྲག་པ་ཕོ་དང་། སྒྲ་རན་པ་མ་ནིང་། སྒྲ་ཅུང་ཟད་ཞན་པ་མོ། སྒྲ་དེ་ལས་ཀྱང་ཅུང་ཟད་ཞན་པ་ཤིན་ཏུ་མོ། སྒྲ་ཤིན་ཏུ་ཞན་པ་མོ་གཤམ་བཅས་སྡེ་ཚན་ལྔ་རུ་དྲིལ་ན། ཕོ་ཡིག་ནི། ཀ་ཅ་ཏ་པ་ཙ་ལྔ་དང་། མ་ནིང་གི་ཡི་གེ་ནི། ཁ་ཆ་ཐ་ཕ་ཚ་ལྔ་དང་། མོ་ཡིག་ནི། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅས་བཅུ་གཉིས་དང་། ཤིན་ཏུ་མོ་ནི། ང་ཉ་ན་མ་བཞི་དང་། མོ་གཤམ་ནི། ར་ལ་ཧ་ཨ་བཞིའོ། །

{{#arraymap:རྟགས་ཀྱི་དབྱེ་བ་

|; |@@@ | | }}

རྟགས་ཀྱི་དབྱེ་བ་ (3)
Part of speech མིང་ཚིག
Definition སྔོན་འཇུག་ལྔ་པོ་དེ་རྣམས་མིང་གཞི་དང་སྦྱར་ནས་ཀློག་སྐབས་སྒྲ་གདངས་དྲག་ཞན་ནམ་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས། ཕོ་བ་ཡིག མ་ནིང་ག་ད་གཉིས། མོ་འ་ཡིག ཤིན་ཏུ་མོ་མ་ཡིག་བཅས་བཞིར་ཕྱེ་བ་ཡིན། ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་རང་གི་འཇུག་ཡུལ་དུ་གྱུར་པ་རྣམས་ལ་སྒྲ་དང་བྱེད་རྩོལ་དྲག་པའི་སྒོ་ནས་འཇུག་པ་ནི།
Example མཁའ། མཆན། མཐོང་། མཛད། མཉེས། མཁྱེན། མགྱོགས། མགྲིན་ལྟ་བུའོ། །

{{#arraymap:རྟགས་ཀྱི་དབྱེ་བ་

|; |@@@ | | }}

རྟགས་ཀྱི་དབྱེ་བ་ (4)
Part of speech མིང་ཚིག
Definition རྗེས་འཇུག་གི་ཡི་གེ་བཅུ་པོ་དེ་ལ་ནང་གསེས་ཕོ། མོ། མ་ནིང་བཅས་གསུམ་དུ་དབྱེ་ན། ག་ད་བ་ས་བཞི་ཕོ། ང་མ་འ་གསུམ་ནི་མོ། ན་ར་ལ་གསུམ་མ་ནིང་ཡིན་ལ། ཕོ་ལ་ཡང་བསྐྱར་ནང་གསེས་སྐྱེས་བུ་རབ་དང་། སྐྱེས་བུ་འབྲིང་། སྐྱེས་བུ་ཐ་མ་བཅས་གསུམ་དང་། མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས། མ་ནིང་ལ་འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་བཅས་གསུམ་སྟེ། དེ་དག་རེ་རེ་བཞིན་ཞིབ་ཏུ་ཕྱེ་ན། ཕོ་ཡིག་བཞི་ལ་ག་མཐའ་སའི་ཡང་འཇུག་ཅན་སྐྱེས་བུ་རབ་སྟེ།
Example མཐུན། འཐོར། འཁྲུལ་ལྟ་བུའོ། །

{{#arraymap:རྟགས་ཀྱི་དབྱེ་བ་

|; |@@@ | | }}