79002

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟགས་ཐ་དད་པ་འདྲེས་ཀྱང་སྐྱོན་དུ་མི་འགྱུར་བ་ (1)
Part of speech མིང་ཚིག
Definition དཔེ་དོན་སྦྱོར་ཚུལ་གྱི་སྐྱོན་ཡོན་བཤད་པའི་ནང་གསེས་དང་པོ་སྟེ། རྩ་བར། མ་ནིང་འགྲོ་འདི་བུད་མེད་བཞིན། །བུད་མེད་འདི་སྨྲ་སྐྱེས་པ་བཞིན། །ཞེས་དཔེ་ཅན་མ་ནིང་གི་སྐད་དོད་ལ། ཥཎྜྷོ་ཡི་ཞེས་མ་ནིང་ནི་རྟགས་དང་། དཔེ་བུད་མེད་ཀྱི་སྐད་དོད། སྟྲཱི་ཞེས་མོ་རྟགས་བཞག་པས་དཔེ་ཅན་མ་ནིང་འདིའི་འགྲོ་ཚུལ་ནི། དཔེ་བུད་མེད་ཀྱི་གོམ་སྟབས་བཞིན་མཛེས་སོ་ཞེས་དང་། ཡང་དཔེ་ཅན་བུད་མེད་འདིའི་ངག་ནི་དཔེ་སྐྱེས་བུའི་ངག་བཞིན་དུ་སྨྲ་བརྗོད་ཧ་ཅང་ལེགས་ཞེས་དཔེ་དཔེ་ཅན་གྱི་རྟགས་འཁྲུལ་བའམ་ཐ་དད་པར་སྣང་ཡང་། ཚིག་སྦྱོར་གྱི་དབང་གིས་སྐྱོན་དུ་མི་འགྱུར་བ་ལྟ་བུའོ། །
Example བོད་མཁས་པས། འཇམ་མགོན་ཁྱོད་ནི་གངྒཱའི་དཔལ་མོ་ལྟར། །འགྲོ་བའི་དག་བྱེད་ཚད་མར་གྱུར་པ་སྟེ། ། ཁྱོད་ཡུམ་རྡོ་རྗེ་དབྱངས་ཀྱི་རྒྱལ་མོ་ཡང་། །ཟླ་བ་བཞིན་དུ་སྲིད་པའི་མུན་འཇོམས་ཉིད། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:རྟགས་ཐ་དད་པ་འདྲེས་ཀྱང་སྐྱོན་དུ་མི་འགྱུར་བ་

|; |@@@ | | }}