79020
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། བསྟན་པའི་གནས་ཚད་ལྔ་བརྒྱ་པ་ཕྲག་བཅུའི་ནང་གསེས་ལྔ་བརྒྱ་པ་ཐ་མ་སྟེ། དེའི་དུས་སུ་ལྷག་པའི་བསླབ་པ་གསུམ་ལ་ཉམས་སུ་མི་ལེན་ཞིང་སྡེ་སྣོད་གསུམ་ལ་ཐོས་བསམ་མི་བྱེད་པའི་རབ་བྱུང་གི་རྟགས་ཆ་ལུགས་ཙམ་འཛིན་པའི་གང་ཟག་མང་དུ་བྱུང་བའི་དུས་ཀྱི་ལེའུ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ནས་ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རྟགས་ཙམ་འཛིན་པའི་དུས་ཀྱི་ལེའུ་སྟེ། གསུང་རབ་རྣམས་ལས་ལྔ་བརྒྱ་ཐ་མ་པའི་དུས་ཞེས་པའང་དེ་ཉིད་ཡིན་ལ། དེའི་ཚེ་འཛམ་བུ་གླིང་པའི་མི་རྣམས་ཚེ་ལོ་ལྔ་བཅུ་པར་འགྱུར་ཞིང༌། དེ་ནས་རིམ་གྱིས་སྟོན་པ་འདི་ཉིད་ཀྱི་དམ་པའི་ཆོས་ནུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས། ཕུག་ལུགས་ཀྱི་དབང་དུ་བྱས་ན་ཕྱི་ལོ་༣༦༡༩ནས་༤༡༡༩ལོའི་བར། གནས་བརྟན་པའི་ལུགས་སུ་བྱས་ན་ཕྱི་ལོ་༣༩༥༦ནས་༤༤༥༦ལོའི་བར། གང་ལྟར་ཡུན་ཚད་ལ་མི་ལོ་ལྔ་བརྒྱ་ཡོད། རྩིིས་གཞུང་ཉིན་བྱེད་སྣང་བ་ལས། བཅུ་པ་ལྔ་བརྒྱ་ཐ་མ་ལ། །རབ་བྱུང་རྟགས་ཙམ་མ་གཏོགས་པ། །ལྟ་སྤྱོད་རྣལ་མ་མེད་པའི་ཕྱིར། །རྟགས་ཙམ་འཛིན་པའི་ལེའུར་བཞེད། །ཅེས་བྱུང་། |
Domain | ཆོས་ལུགས། |
{{#arraymap:རྟགས་ཙམ་འཛིན་པའི་ལེའུ་
|; |@@@ | | }}