79033

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟགས་ཡང་དག་གི་མཚན་གཞི་ (1)
Part of speech མིང་ཚིག
Definition རྟགས་ཀྱི་ངོ་བོར་གྱུར་པའི་ཚུལ་གསུམ་ནི། ཚུལ་གསུམ་དུ་བ་ཁོ་ནའི་ཆོས། །དབྱེར་མེད་ཡིན་གྱི་ཆོས་གཞན་མེད། །ཅེས་པའི་གཞུང་གིས་བསྟན་ཏེ། རྟགས་ཀྱི་མཚན་གཞི་བྱས་པའི་སྟེང་གི་ཆོས་ཅན་སྒྲས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ཆ་དང་། མཐུན་ཕྱོགས་མི་རྟག་པ་ཁོ་ན་ལ་ཡོད་པའི་ཆ་དང་། མི་མཐུན་ཕྱོགས་རྟག་པ་ལ་མེད་པར་ངེས་པའི་ཆ་གསུམ་མོ། །སྒྲུབ་ངག་གི་བསྟན་བྱར་གྱུར་པའི་ཚུལ་གསུམ་ནི། རྟགས་ཀྱི་མཚན་གཞི་གཞན་སེལ་ཡིན། ཞེས་པའི་རང་འགྲེལ་དུ། དེ་ལ་རྩོད་གཞི་ལ་མི་ལྡན་རྣམ་གཅོད་དུ་གྲུབ་པ་ནི་ཕྱོགས་ཆོས་སོ། །རྟགས་ཀྱི་རྗེས་སུ་བསྒྲུབ་བྱ་འགྲོ་བ་ནི་རྗེས་འགྲོའོ། །བསྒྲུབ་བྱའི་ཆོས་ལོག་སྟོབས་ཀྱིས་རྟགས་ལྡོག་པ་ནི་ལྡོག་པའོ། །ཞེས་པའི་གཞུང་གིས་བསྟན་ཏེ། སྒྲ་བྱས་པ་ཡིན་པ་དང་། བྱས་ན་མི་རྟག་པས་ཁྱབ་པ་དང་། རྟག་ན་མ་བྱས་པས་ཁྱབ་པ་གསུམ་མོ། །འོ་ན་སྒྲུབ་ངག་གི་ངོ་བོར་གྱུར་པའི་ཚུལ་གསུམ་མ་བརྗོད་ན་དེ་ལ་དྲན་པ་སྐྱེད་མི་ནུས་པས་བསྒྲུབ་ངག་དོན་མེད་ཅིང་། བརྗོད་ན་དེེ་གཉིས་ཀྱི་ཁྱད་པར་ཕྱེ་བ་དོན་མེད་དོ་ཞེ་ན། སྐྱོན་མེད་དེ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་རྗེས་ཁྱབ་མཐུན་དཔེའི་སྟེང་དུ་བརྗོད། ཆོས་མི་མཐུན་སྦྱོར་གྱི་བསྒྲུབ་ངག་གིས་ལྡོག་ཁྱབ་མི་མཐུན་དཔེའི་སྟེང་དུ་བརྗོད་པ་གང་རུང་གིས་རྟགས་ཀྱི་ངོ་བོར་གྱུར་པའི་རྗེས་སུ་འགྲོ་ལྡོག་ལ་དྲན་པ་བསྐྱེད་ནུས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།

{{#arraymap:རྟགས་ཡང་དག་གི་མཚན་གཞི་

|; |@@@ | | }}