79036

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟགས་ཡོན་ཏན་ཅན་ (1)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་བསྒྲུབ་བྱ་དཔོག་ནུས་ཀྱི་རྟགས་སམ་སྒྲུབ་བྱེད་ཀྱི་རྒྱུ་མཚན་ཡང་དག་ཞིག་ལ་ཟེར་བ་ཡིན་ཏེ། འབངས་མིའི་རེ་བ་སྐོང་ནུས་ཀྱི་དཔོན་པོ་ལ་དཔོན་པོ་ཡང་དག་དང་དཔོན་ཡོན་ཏན་ཅན་ཞེས་བརྗོད་པ་བཞིན་ནོ། །དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། རྟགས་ཡོན་ཏན་ཅན་གྱི་མཚན་ཉིད་ནི། ཚུལ་གསུམ་ཡིན་པར་དམིགས་པ་དེ་དེ་ཡིན། ཞེས་དང། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡོན་ཏན་ཅན་དང། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དོན་གཅིག དེས་གཞན་རྣམས་ལ་རིགས་འདྲ། ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:རྟགས་ཡོན་ཏན་ཅན་

|; |@@@ | | }}