79058

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟའི་ཉི་མ་ (1)
Part of speech མིང་ཚིག
Definition ཉི་མ་བཅུ་གཉིས་ཀྱི་ནང་གསེས་ཤིག་སྟེ། དེའི་ཉིན་མོ་ནི་ཕོ་ཟླ་དྲུག་པོའི་ཚེས་ལྔ་དང་། བཅུ་བདུན། ཉེར་དགུ། མོ་ཟླ་དྲུག་པོའི་ཚེས་བཅུ་གཅིག ཉེར་གསུམ་བཅས་ཡིན། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ཏུ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། རྟ་ལས་གསང་གྲོས་རྩེ་ལྷ་གསོལ། །གྲོགས་བཙལ་རྒྱལ་ས་མནའ་དཀར་བཟང་། །ཁང་ཁྱིམ་འབུབས་དང་འཐབ་རྩོད་བག ། ཞལ་ཆེ་རྟ་ཡི་ཉོ་ཚོང་བཅོས། །དོན་གཉེར་སྨྲེང་དང་གཤིན་ལས་ངན། །ཞེས་གསུངས་པ་ལྟར་དང་། བདུན་ཟུར་ཕྱོགས་སྡེབ་ཀྱི་འབྲས་བུར་རྟ་རྒྱུག་དང་དམར་ཤས་ཀྱང་སྤང་དགོས་པར་གསུངས་འདུག
Domain རྩིས་རིག

{{#arraymap:རྟའི་ཉི་མ་

|; |@@@ | | }}