79062

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟའི་ཚེའི་རིག་བྱེད་ཤ་ལི་ཧོ་ཏྲས་བསྡུས་པ་ (1)
Part of speech མིང་ཚིག
Definition དྲང་སྲོང་ཆེན་པོ་ཤ་ལི་ཧོ་ཏྲས་ཡང་དག་པར་བསྡུས། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་ཤྲཱི་བྷ་དྲ་དང༌། བུངྔྷ་ཤྲཱི་ཤཱནྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཟུར་མཆན། འགྱུར་བྱང་གི་མཐར་སྡེབ་སྦྱོར་དབང་པོའི་རྡོ་རྗེས་བསྡེབས་པའི་ཚིགས་བཅད་ཕྱེད་དང་བདུན་དུ་བྱས་པ་ཞིག་དང་། ཡང་ཚིགས་བཅད་ལྔ་ཅན་གྱི་དུམ་བུ་གཅིག་འཁོད་པ་དང་། དེ་དག་གི་མཇུག་ཏུ་འདི་དག་ཕག་ལོ་ཟླ་བ་དང་པོའི་ཚེས་གཅིག་གི་ཉིན། ཐོས་པ་ཅུང་ཟད་འཛིན་པ་མ་ཏི་བྷ་དྲས་གསོལ་བ་ཕྱོགས་ཀུན་དུ་བདེ་ལེགས་ཀྱིས་གང་བར་གྱུར་ཅིག་”ཅེས་འཁོད། བསྟན་འགྱུར་སྣ་ཚོགས་ངོ་པར་བཞུགས།

{{#arraymap:རྟའི་ཚེའི་རིག་བྱེད་ཤ་ལི་ཧོ་ཏྲས་བསྡུས་པ་

|; |@@@ | | }}