79094

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟིས་ཚང་མ་ཎི་པ་ཤེས་རབ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition འདི་བ་རབ་བྱུང་བཅུ་གཅིག་པའི་མེ་ཕག་ཕྱི་ལོ་༡༦༤༧ ལོར། མདོ་སྨད་རེབ་གོང་སྟོད་རྟིས་ཚང་དུ་ཡབ་ཕྱག་རྡོར་རྒྱལ་གྱི་སྲས་སུ་འཁྲུངས། རོང་པོ་དགོན་ཆེན་དང་འབྲས་སྤུངས་སྒོ་མང་དུ་ཐུགས་གཉེར་གནང་སྟེ་དགེ་བཤེས་ལྷ་རམས་ཐོན། ལྔ་པ་ཆེན་པོ་ལས་བསྙེན་པར་རྫོགས། ཉེར་བདུན་པར་མདོ་སྨད་དུ་ཕེབས། ཡུལ་གྲུ་གང་སར་མ་ཎི་བཙུགས་ཏེ་ལོ་རེར་མ་ཎི་དུང་ཕྱུར་ལྔ་བཅུ་ལྷག་བསགས་པས་མ་ཎི་བ་ཐོགས། སོ་བདུན་པ་ཆུ་ཕག་ཕྱི་ལོ་༡༦༨༣ ལོར་རྫོང་དཀར་བཀའ་གདམས་ཕོ་བྲང་བཀྲ་ཤིས་དར་རྒྱས་གླིང་བཏབ། ལྟ་ཁྲིད་ཀྱི་ཡིག་ཆ་བརྩམས། ཤར་སྐུ་ཕྲེང་གཉིས་པའི་ཡོངས་འཛིན་མཛད། རོང་པོ་དགོན་ཆེན་གྱི་ཁྲིར་ལོ་བདུན་བཞུགས། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་ཕྱི་ལོ་༡༧༡༦ ལོར་སྐུ་གཤེགས་སོ། །

{{#arraymap:རྟིས་ཚང་མ་ཎི་པ་ཤེས་རབ་བཀྲ་ཤིས་

|; |@@@ | | }}