79114

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་གང་ལ་ལས་གང་བཞག་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རྟེན་གང་ལ་ལས་གང་བཞག་པ་ནི། ཕའི་རྟེན་ཁོ་ནར་བཞག་པ་དང་། མའི་རྟེན་ཁོ་ནར་བཞག་པ། ཕ་མ་ཐུན་མོང་གི་རྟེན་ལ་བཞག་པ་སྟེ་གསུམ་རྣམས་སུ་ཡོད་པའི་ཕྱིར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་རྟེན་གང་ལ་ལས་གང་བཞག་པ་ཡོད་དེ། ཕའི་རྟེན་ཁོ་ནར་བཞག་པ་དྲུག ། མའི་རྟེན་ཁོ་ནར་བཞག་པ་བཅུ་གཉིས། ཕལ་ཆེར་ཕ་མ་ཐུན་མོང་གི་རྟེན་ལ་བཞག་པ་སྟེ་གསུམ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དགེ་སློང་མའི་སྟོན་པ་བསྐོ་བ་དང་། དགག་དབྱེ་བྱེད་པ་པོ་བསྐོ་བ་དང་། རས་ཆེན་སྦེད་པ་པོའམ་འགྱེད་པ་པོ་བསྐོ་བ་དང་། གཟུ་བོ་བསྐོ་བ་དང་། གསལ་བ་བསྐོ་བ་དང་། གསལ་བའི་གསལ་བ་བསྐོ་བའི་ལས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང་། བཟློག་པའི་ཕམ་པའི་སྐབས་ཀྱི་བསྒོ་བ་མཛད་པ་དང་། དཀོན་མཆོག་གཏོང་བ་ལ་ལྡོག་པའི་ཕྱིར། བསྒོ་བ་མཛད་པ་དང་། འཐབ་དཀྲོལ་བྱས་པ་ལས་བཟློག་པའི་དགེ་འདུན་མ་ལ་འགྲོ་བ་བཞིའི་སྐུར་བ་འདེབས་པ་ལ་བཟློག་པའི་བསྒོ་བ་མཛད་པ་དང། སྡེ་ཞིང་གནས་པ་དང་། སྡེ་ཞིང་གནས་སུ་འཇུག་པ་ལ་ལྡོག་པའི་ཕྱིར་བསྒོ་བ་དང། སྔ་རོལ་གྱི་སྡོམ་པ་གཉིས་སྦྱིན་པ་དང་། འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། བུ་ཆུང་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པ་དང། ཉེ་དུ་དང་ལྷན་ཅིག་འབྲེལ་བའི་གནང་བ་སྦྱིན་པ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྟེན་གང་ལ་ལས་གང་བཞག་པ་

|; |@@@ | | }}