79121

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་གསུམ་ཚུལ་ཁྲིམས་སྡོམ་པའི་ཕུག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། སྐུ་ཡི་རྟེན་དད་ལྡན་འགྲོ་བ་ཡོངས་ཀྱི་ཕྱིའི་སྐྱབས་གནས་ཁྱད་པར་ཅན་གྱི་ཡུལ་ཕྱོགས་ཅུའི་དུས་གསུམ་གྱི་བདེ་བར་གཤེགས་པའི་སྐུ་དང་། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ནུས་པའི་ད་ལྟའི་སྟོན་པ་གཤེན་རབ་མི་བོའི་སྐུའོ། །གསུང་གི་རྟེན་ཕྱི་ནང་གསང་གསུམ་གྱི་ནང་ཚན་དུ་གྱུར་པའི་ཕྱི་རྒྱུད་ཆོ་གའི་རིགས་དང་ཕྱི་གཏན་ཚིག་ཐེག་པའི་བཀའ་འདུལ་བ་རྒྱུད་དྲུག་སྐོར་དང་སྲིད་པའི་མཛོད་ཕུགས་ཀྱི་གཞུང་ལ་སོགས་སོ། །ཐུགས་ཀྱི་རྟེན་འགྲོ་བ་མིའི་ངལ་རྩོལ་ལ་མ་བརྟེན་པ་ནང་སེམས་ཉིད་སྟོང་པའིི་ཀློང་ནས་བྱུང་བའི་རིགས་ཏེ། དབྱིངས་ནས་ལྷུན་གྱིས་གྲུབ་པའི་མཆོད་རྟེན་ལ་སོགས་རྟེན་བཟང་པོ་དང་། ཕྱིའི་རྟེན་རྒྱུ་ཆ་རིན་པོ་ཆེའི་རིགས་གསེར་དངུལ་སོགས་ལས་གྲུབ་པའི་དབང་ཤེས་སོགས་ཀྱིས་སྣང་དུ་རུང་བའི་མཆོད་རྟེན་གྱི་རིགས་རྣམས་ཏེ། འདུལ་བ་དུས་བརྩན་སྡོམ་བྱེད་རྒྱུད་ལས། རྟེན་གསུམ་ཚུལ་ཁྲིམས་སྡོམ་པའི་ཕུགས། སྐུ་ཡི་རྟེན་ཕྱི་ཡི་བདེར་གཤེགས་སྐུ་དང་། གཤེན་རབ་ཁྱིམ་སྤངས་རབ་བྱུང་སྐུ། གསུང་རྟེན་ཕྱི་རྒྱུད་ལ་སོགས་གླེགས་བམ་བཅུ་འདས། ཐེག་པ་དགུར་ཚངས་གསུང་རབ་ཞུགས་པ་གཅེས། ཐུགས་རྟེན་རང་འབྱུང་གང་བཞུགས་དང་། ཕྱི་ནང་མཆོད་རྟེན་གང་བཞུགས་དེས་ཁུམས། སྐུ་གདུང་རིང་བསྲེལ་སྐུ་ཡི་གཟུགས་བརྙན་དང་། གསུང་རབ་འབུམ་སྡེ་མདོ་ཡི་ངེས་དོན་དྲང་དོན་དང་། གཤེན་རབ་སྔ་རབས་ལ་མཁས་དང་། ད་ལྟ་བཞུགས་པ་སྡོམ་པའི་རྟེན་ཡིན། ཅེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྟེན་གསུམ་ཚུལ་ཁྲིམས་སྡོམ་པའི་ཕུག་

|; |@@@ | | }}