79124
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། སྐྱེ་བ་མ་ཉམས་པ་སྔར་སྐྱེ་བ་དུ་མ་ནས་རང་རྒྱུད་ཀྱི་ཀུན་གཞིའི་སྟེང་དུ་བསོད་ནམས་ཀྱི་ལས་གང་བསགས་པ་དེ་དག་མ་ཉམས་པར་གནས་ཞིང་དགེ་བའི་ཚོགས་མཆིས་པ་དང་། རྟེན་པ་མ་ཉམས་པ་མི་ཁོམ་པ་ལས་ལྡོག་སྟེ་ངན་སོང་གི་སྐྱེ་སྒོ་ཆོད་པའི་དལ་འབྱོར་ཕུན་སུམ་ཚོགས་པ་འདི་ནི་མི་ལུས་རིན་པོ་ཆེ་ཡིན་པས་བྱང་ཆུབ་སྒྲུབ་པའི་སྣོད་མ་ཉམས་པ་དང་། དབང་པོ་མ་ཉམས་པ་གླེན་པ་ནི་ཡིད་ཀྱི་དབང་པོ་ཉམས་པས་དོན་མི་གོ དིག་ལྐུགས་ནི་ལྕེའི་དབང་པོ་ཉམས་པས་ཀློག་པ་དང་འདོན་པ་ལ་སོགས་མི་ཤེས། ཞ་གྲུམ་ནི་ལུས་ཀྱི་སྟོབས་ཉམས་པས་སྐོར་ཕྱག་ལ་སོགས་མི་ནུས། འོན་པ་ནི་རྣ་བའི་དབང་པོ་ཉམས་པས་སྒྲ་མི་ཐོས། ལོང་བ་ནི་མིག་གི་དབང་པོ་ཉམས་པས་གཟུགས་མི་མཐོང་ཞིང་། དེ་ལས་ལྡོག་པའི་དབང་པོ་ལྔ་ལ་སྐྱོན་མ་ཞུགས་པ་ནི་དབང་པོ་མ་ཉམས་པའི་ཡོན་ཏན་གསུམ་དང་ལྡན་པ་ཡང་རྟེན་གྱི་གང་ཟག་ཅེས་བྱ་སྟེ། ཀུན་འབྱུང་དབྱིངས་དག་༣༨ལས། རྟེན་གྱི་གང་ཟག་ནི། སྐྱེ་བ་མ་ཉམས་པ་དང་། རྟེན་པ་མ་ཉམས་པ་དང་། དབང་པོ་མ་ཉམས་པའོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྟེན་གྱི་གང་ཟག་
|; |@@@ | | }}