79126

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་གྱི་གཞན་སེལ་ (1)
Part of speech མིང་ཚིག
Definition རྟེན་གྱི་སྒོ་ནས་གཞན་སེལ་ལ། གཞན་སེལ་གང་ཞིག རང་གི་རྟེན་ཆོས་ཅན་དང་དངོས་པོའི་གཞི་མཐུན་སྲིད་པ་དེ། དངོས་པོར་ཡོད་པ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དེ་གང་ཞིག་རང་གི་རྟེན་ཆོས་ཅན་དང་། དངོས་མེད་ཀྱི་གཞི་མཐུན་སྲིད་པ་དེ་དངོས་པོར་མེད་པ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དེ་གང་ཞིག་རང་གི་རྟེན་ཆོས་ཅན་དུ་གྱུར་པའི་དངོས་པོ་དང་། དངོས་མེད་གཉིས་ཀ་སྲིད་པ་དེ། གཉིས་ཀ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད་ཅེས་བཤད་ཀྱང་འགྲིག་པ་ཡིན་ཏེ། གཉིས་ཀ་ལ་བརྟེན་ན་གང་རུང་རེ་རེ་ལ་བརྟེན་དགོས་པའི་ཕྱིར། བཤད་ཚུལ་གཉིས་པ་ནི། གཞན་སེལ་གང་ཞིག་རང་གི་རློམ་ཚོད་ཀྱི་རྟེན་ཆོས་ཅན་དེ་ཡིན་ན་དངོས་པོ་དགོས་པ་དེ་དངོས་པོ་ཁོ་ན་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དཔེ་བུམ་པའི་དོན་སྤྱི་དང་སེལ་ངོའི་བྱས་པ་ལྟ་བུའོ། །གཞན་སེལ་གང་ཞིག་རང་གི་རློམ་ཚོད་ཀྱི་རྟེན་ཆོས་ཅན་དེ་ཡིན་ན་དངོས་མེད་ཡིན་དགོས་པ་དེ་དངོས་པོར་མེད་པ་ཁོ་ན་ལ་རྟེན་པའི་གཞན་སེལ་གྱི་མཚན་ཉིད། དཔེ་གཙོ་བོའི་སྒྲ་དོན་དང་ནམ་མཁའི་དོན་སྤྱི་ལྟ་བུའོ། །དེ་གང་ཞིག་རང་གི་རློམ་ཚོད་ཀྱི་དེར་གྱུར་པའི་དངོས་པོ་ཡང་སྲིད། དངོས་མེད་ཀྱང་སྲིད་པ་དེ་གཉིས་ཀ་ལ་བརྟེན་པའི་གཞན་སེལ་གྱི་མཚན་ཉིད། དཔེ་ཤེས་བྱ་དང་གཞལ་བྱ་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
Domain ཚད་མ།

{{#arraymap:རྟེན་གྱི་གཞན་སེལ་

|; |@@@ | | }}