79160

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་ཅིང་འབྲེལ་བར་འབྱུང་བ་སེམས་ཅན་ཁ་ཅིག་ལ་གཅིག་ནས་བཅུ་མ་གཏོགས་པ་བཅུ་གཉིས་བར་གསུངས་པ་ཚན་པ་བཅུ་གཅིག་ (1)
Part of speech མིང་ཚིག
Definition མྱང་འདས་ལེའུ་བདུན་པ་ཚངས་པར་སྤྱོད་པ་ཞེས་བྱ་བའི་ལེའུ་ལས་བྱུང་བ་སྟེ། ༡ འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །༢ རྒྱུ་དང་། འབྲས་བུའོ། །༣ ཉོན་མོངས་པ་དང་། ལས། སྡུག་བསྔལ་བཅས། ༤ མ་རིག་པ་དང། འདུ་བྱེད། སྐྱེ་བ། རྒ་ཤི་བཅས། ༥ ཚོར་བ་དང་། སྲེད་པ། ལན་པ། སྲིད་པ། སྐྱེ་བ་བཅས། ༦ དུས་གསུམ་གྱི་རྒྱུ་དང་འབྲས་བུའོ། ། ༧ རྣམ་པར་ཤེས་པ་དང། མིང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲིད་པ། ལེན་པ་བཅས། ༨ མ་རིག་པ་དང་། འདུ་བྱེད་དང་། སྐྱེ་བ་དང་། རྒ་ཤི་མ་གཏོགས་པ་ལྷག་མ་བརྒྱད་པོའོ། ། ༩ མདོ་སྡེ་གྲོང་ཁྱེར་ཞེས་བྱ་བའི་ནང་ནས་བཤད་པ་དང་འདྲ་བར་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་གཏོགས་པའི་ལྷག་མ་དགུའོ། །༡༠ རྣམ་པ་བཅུ་གཅིག་ཏུ་གསུངས་པ་ནི། དེའང་གཅེར་བུ་པ་ཀུན་ཏུ་སྨྲ་བ་ཞེས་བྱ་བའི་ཕྱིར་སྐྱེ་བའི་ཆོས་གཅིག་མ་གཏོགས་པ་ལྷག་མ་རྣམ་པ་བཅུ་གཅིག་གོ། ༡༡ ཁ་ཅིག་ཏུ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྫོགས་པར་གསུངས་ཏེ། དེའང་རྒྱལ་པོའི་ཁབ་ཏུ་འོད་སྲུང་ལ་སོགས་པ་མ་རིག་པ་ནས། སྐྱེ་བ་དང་། རྒ་ཤིའི་བར་དུ་བཅུ་གཉིས་རྫོགས་པར་གསུངས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གཅིག་ལ་སོ་སོའི་སྐྱེ་བོའི་ཕྱིར་རྣམ་པ་ཐ་དད་དུ་གསུངས་ཏེ། ཚད་མེད་པའི་སེམས་ཀྱང་དེ་དང་འདྲའོ། །
Domain ཆོས་ལུགས།

{{#arraymap:རྟེན་ཅིང་འབྲེལ་བར་འབྱུང་བ་སེམས་ཅན་ཁ་ཅིག་ལ་གཅིག་ནས་བཅུ་མ་གཏོགས་པ་བཅུ་གཉིས་བར་གསུངས་པ་ཚན་པ་བཅུ་གཅིག་

|; |@@@ | | }}